མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སློབ་ཆེན་གྱི་རྒྱལ་ཁབ་རིམ་པའི་རྣམ་གྲངས40ལ་ཆོག་མཆན་ཐོབ་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-29 11:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་སློབ་གསོ་པུས2013ལོའི་རྒྱལ་ཁབ་རིམ་པའི“སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་སྦྱོང་བརྡར་འཆར་གཞི”རྣམ་གྲངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས། བོད་ལྗོངས་སློབ་ཆེན་གྱིས་སྙན་ཞུ་ཕུལ་བའི《(ཀོང་ཙེའི་གསུང་རྩོམ)དང(ས་སྐྱ་ལེགས་བཤད)ཀྱི་ཞིབ་བསྡུས་ལ་བརྟེན་ནས་རྒྱ་བོད་མི་རིགས་ཀྱི་ཐུན་མོང་སེམས་གཤིས་སྐོར་གླེང་བ》སོགས་རྣམ་གྲངས40ལ་ཆོག་མཆན་ཐོབ་ནས་རྣམ་གྲངས་ཐོ་འགོད་བྱས།

རྒྱུས་ལོན་པ་ལྟར་ན། ད་ལོའི་སྤྱི་ཟླ5བར་བོད་ལྗོངས་སློབ་ཆེན་གྱིས་བསྡོམས་པས་རྒྱལ་ཁབ་རིམ་པའི“སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་སྦྱོང་བརྡར་འཆར་གཞི”རྣམ་གྲངས40སློབ་གསོ་པུའུ་ལ་སྙན་ཞུ་ཕུལ་ཏེ་ཞིབ་བཤེར་ཆོག་མཆན་གནང་བར་ད་ལྟ་རྣམ་གྲངས་དངོས་སུ་ཐོ་འགོད་བྱས་པ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། 2008ལོ་ནས་ད་ལྟའི་བར་དུ། བོད་ལྗོངས་སློབ་ཆེན་ལ་བསྡོམས་པས་རྒྱལ་ཁབ་རིམ་པའི“སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་སྦྱོང་བརྡར་འཆར་གཞི”རྣམ་གྲངས170ཡོད་པ་དང་བོད་རང་སྐྱོང་ལྗོངས་ཀྱི“སློབ་ཆེན་སློབ་མའི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་སྦྱོང་བརྡར་འཆར་གཞི”རྣམ་གྲངས220ཡོད་པ་ཐོ་འགོད་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག