མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དམིགས་བསལ་སློབ་གསོའི་སྤུས་ཚད་ཇེ་མཐོ་རུ་གཏོང་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-01-29 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས27ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་དམིགས་བསལ་སློབ་གསོའི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིན་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མོང་ཏེ་ལི་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་རིམ་པ་ཁག་དང་ཚན་པ་ཁག་གིས་དམིགས་བསལ་སློབ་གསོའི་འགྲོ་གྲོན་འགན་སྲུང་སྒྲིག་གཞི་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། སློབ་མ་དབང་པོ་སྐྱོན་ཅན་ཚོས་འགན་ལེན་གསུམ་གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་རྒྱུ་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང༌། ངལ་རྩོལ་རྩལ་ནུས་དང་ལས་རིགས་སློབ་གསོ་གོང་འཕེལ་ཤུགས་ཆེ་བཏང་ནས་སློབ་མ་དབང་པོ་སྐྱོན་ཅན་ཚོས་སྤྱི་ཚོགས་ཀྱི་འཚོ་བར་གོམས་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་པའི་མཐོ་རིམ་སློབ་གསོའི་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་བ་དང༌། དགེ་རྒན་དང་སློབ་ཁྲིད་དཔྱད་གཞི། སློབ་ཁྲིད་བྱ་ཐབས། སློབ་ཁྲིད་ཞིབ་འཇུག སློབ་གསོ་དོ་དམ་བཅས་ཀྱི་ཐད་ཤུགས་སྣོན་རྒྱབ་ནས་དམིགས་བསལ་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག