མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དཔྱིད་འདེབས་འགོ་ཚུགས་པའི་མཛད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-18 09:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན་ནི་བོད་ལོའི་ལོ་སར་གྱི་ཚེས15ཉིན་ཡིན་ཞིང་། བོད་ལྗོངས་ཀྱི་ཞིང་ལས་ཁུལ་གཙོ་བོ་དག་གི་ཞིང་བ་རྣམས་ཀྱིས་ཉིན་མོ་དེར་སྲོལ་རྒྱུན་གྱི་དཔྱིད་འདེབས་འགོ་ཚུགས་པའི་མཛད་སྒོ་སྤེལ་ཏེ། ལོ་འདིའི་ནང་ཆར་ཆུ་སྨིན་པ་དང་ལོ་ལེགས་འབྱུང་བར་གསོལ་བ་འདེབས་བཞིན་ཡོད།

གསར་འགོད་པ་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་ཁེ་གསུམ་གྲོང་ཚོ་ནས་མཐོང་བ་ལྟར་ན། སྡེ་མི་རྣམས་ཐོག་མར་ཁེ་གསུམ་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་ཏང་ཀྲུ་པུའུ་ཧྲུའུ་ཅི་སྤེན་པ་ཚེ་རིང་གི་མདུན་དུ་སོང་སྟེ། གཅིག་མཇུག་གཉིས་མཐུད་ངང་ཁོང་ལ་ཁ་ཏག་འབུལ་བཞིན་ཡོད། སྡེ་མི་བསོད་ནམས་དབང་བདུད་ཀྱིས་བཤད་རྒྱུར། ཧྲུའུ་ཅིས་ང་ཚོར་སྣེ་ཁྲིད་དེ་རིམ་བཞིན་ཕྱུག་པོར་གྱུར་བཞིན་ཡོད་དེ། ད་ལྟའི་ཞིང་ལས་ལོ་རེ་བཞིན་ཡོང་འབབ་མང་བས། ཁོས་བྱས་རྗེས་མི་ཉུང་བ་ཞིག་བཞག་ཡོད་ལ། ང་ཚོས་ཁོང་ཉིད་ལ་བཀའ་དྲིན་ཞུས་ན་འགྲིག་ཟེར།

སྤེན་པ་ཚེ་རིང་གིས་བཤད་རྒྱུར། གྲོང་ཚོ་ཧྲིལ་བོར་བསྡོམས་པས་ཞིང་ས་མུའུ1600ཡོད་པ་དང་། ཞིང་བ30%ཡི་ཡོང་སྒོ་གཙོ་བོ་ཞིང་ལས་ལ་བརྟེན་དགོས། 2013ལོར་ཁེ་གསུམ་གྲོང་ཚོའི་ཞིང་སྡེ་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི1806.78ལ་སླེབས་ཡོད་དེ། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར11143ལ་སླེབས་ཡོད་ཟེར།

ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱ་མཚོས་བསྟན་དོན། 2013ལོར་བོད་ལྗོངས་ཀྱིས་ཞིང་ལས་ལ་ཤུགས་སྣོན་པ་དང་། ཞིང་བ་ལ་ཕན་ཐོགས་པ། ཞིང་བ་ཕྱུག་སྒྱུར་བྱེད་པའི་སྲིད་ཇུས་ཡོངས་སུ་དངོས་འབེབས་བྱས་ཤིང་། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར160.5ལ་སླེབས་ཤིང་། ལོ་སྔོན་མ་ལས11.4%འཕར། 2013ལོར་བོད་ལྗོངས་ཀྱི་འབྲུ་རིགས་འདེབས་པའི་ཞིང་བར་ཐད་ཀར་དུ་ཁ་གསབ་བྱེད་པའི་སྒོར་མོ་མུའུ་རེར་སྒོར15རེ་ནས་སྒོར30རེ་བར་ཇེ་མཐོར་བཏང་བ་དང་། ཞིང་ཆས་ཕྱོགས་བསྡུས་ཁ་གསབ་ཞིང་ས་མུའུ་རེ་སྒོར15ནས་སྒོར27.87བར་ཇེ་མཐོར་བཏང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག