མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱིས་ཆེད་ལས་མི་སྣ་གདན་འདྲེན་བྱེད་པའི་བྱ་བར་ཤུགས་བསྣན་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-22 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་པེ་ཅིན་སློབ་ཆེན་སོགས་རྒྱལ་ཡོངས་ཀྱི་སློབ་ཆེན་གཙོ་བོ་ནས་ཧ་ཅང་དཀོན་པའི་ཆེད་ལས་མི་སྣ་གདན་འདྲེན་བྱེད་པའི་འཆར་གཞི་སྤེལ་འགོ་བརྩམས་ཤིང་། འཆར་གཞི་ལྟར་ན། མངའ་རིས་ས་ཁུལ་གྱིས་པེ་ཅིན་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན་སོགས་སློབ་ཆེན་གཙོ་བོ་ནས་འཕྲོད་བསྟེན་རིམས་འགོག་དང་། གནས་སྐོར། སྤྱི་བའི་དོ་དམ། གྲོང་ཁྱེར་ཇུས་འགོད། སློབ་གསོ་དོ་དམ་སོགས་ཕྱོགས་ཀྱི་ཆེད་ལས་མི་སྣ14གདན་དྲངས་ཏེ། གཞུང་ཞབས་པ་དང་ཆེད་ལས་ལག་རྩལ་མི་སྣའི་ལས་གནས་སྟེང་བཀོད་སྒྲིག་བྱ་རྒྱུ་རེད།

རྒྱུས་ལོན་ལྟར་ན། མིག་སྔའི་བར་དུ། བསྡོམས་པས་སློབ་མ115ཡིས་མིང་ཐོ་བཀོད་ཡོད་དེ། སློབ་མ་དེ་དག་གཙོ་བོ་པེ་ཅིན་ས་ཁུལ་གྱི་སློབ་ཆེན་གཙོ་བོ་དག་ནས་ཡོང་བ་ཡིན་ལ། དེའི་ནང་སློབ་ཆེན་གཙོ་བོའི་སློབ་མ71གིས་མིང་ཐོ་འགོད་ཡོད་ཅིང་། ཡོན་ཚད་རིམ་པ་བཞིན་འབུམ་རམས་པའི་ཞིབ་འཇུག་སློབ་མ་དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ། དངོས་གཞི་སློབ་མ་བཅས་འདུས། དེའི་ནང་མང་ཆེ་བ་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན་ལ། ལེགས་འདེམས་དང་ཁ་གཏད་སྐོར་ཐེངས་མང་པོ་བྱས་པ་བརྒྱུད། མིག་སྔར་སློབ་མ9ཡི་བར་ལ་ལས་ཞུགས་གྲོས་ཡིག་གི་གན་རྒྱ་བཞག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག