མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་གཞི་སྟེ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་པ་ལས་ཉིང་ཁྲི་ས་ཁུལ་གྱི་རོང་འབྲོག་པ2700ལ་ཁེ་ཕན་ཐོབ་རྒྱུ་རེད།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-22 10:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་བྱ་བའི་རུ་ཁག་སྐོར་ཐེངས་བདུན་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་ལ་རོགས་སྐྱོར་བྱས་ཏེ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་བསྐྲུན་བྱེད་པའི་ལས་གཞི་དེ་ཉིང་ཁྲི་རྫོང་གི་གོང་གྲོང་གྲོང་ཚོ་རུ་རྨང་གདིང་མཛད་སྒོ་སྤེལ་ཏེ་ལས་གཞི་དངོས་སུ་ལས་འགོ་ཚུགས། ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ལས་བྱེད་རུ་ཁག་གིས་བོད་སྐྱོར་བྱེད་པའི་སྐབས་སུ་བསྡོམས་པས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ12འཛུགས་བསྐྲུན་བྱེད་པར་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། སྔོན་རྩིས་ལྟར་ན་མ་དངུལ་སྒོར་ཁྲི3300བཏང་ཡོད་པ་དང་། 2015ལོའི་ཟླ10བའི་སྔོན་དུ་ལས་གཞི་ཡོངས་རྫོགས་ལེགས་འགྲུབ་འབྱུང་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། ལས་གཞི་དེ་ལས་ཉིང་ཁྲི་ས་ཁུལ་གྱི་རོང་འབྲོག་པའི་ཁྱིམ་ཚང470ལྷག་གི་མང་ཚོགས་མི་ཁྲི2700ལ་ཁེ་ཕན་ཐོབ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག