མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཕག་སྐྱག་གི་བསམ་འདུན།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-13 10:54

འདི་ནི་ཕག་སྐྱག་གི་ནང་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད་པ།

འདི་ནི་ཕག་སྐྱག་གིས་ཨ་མ་དང་། བཟའ་ཟླ། ཕྲུ་གུ། དེ་བཞིན་སྤུན་མཆེད་ཚོར་པར་རྒྱག་པའི་གནས་ཚུལ་ཡིན་པ།

འདི་ནི་ཕག་སྐྱག་གི་སྣེ་ཁྲིད་འོག་ཕྱུག་པོར་གྱུར་པའི་ཡུལ་མི་ཚོས་འཕྲིན་ཆུང་དང་དཔོད་ཕྲན་ལ་བརྟེན་ནས་ཕྱི་རོལ་གྱི་གནས་ཚུལ་ཤེས་རྟོགས་བྱེད་པའི་གནས་ཚུལ་ཡིན་པ།

    ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་དུ་མཐའ་བཞི་རི་བོས་བསྐོར་བ་དང་གནམ་གཤིས་ཚ་གྲང་སྙོམས་པོ་ཡོད། ཕག་སྐྱག་གི་ཁྱིམ་ནི་བདེ་ཞིང་སྐྱིད་ལ་འབྱོར་པ་ལྡན་པ་ཞིག་ཡོད་པས་ཡུལ་མི་ཚོས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཕག་སྐྱག་ནི་གྲོང་ཚོའི་ནང་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཡིན་པ་དང་། ཁོང་གིས་གྲོང་ཚོའི་ནང་ཁྱིམ་ཚང་མགྲོན་ཁང་ཞིག་བཙུགས་པ་མ་ཟད། སྲོལ་རྒྱུན་གྱི་ཞིམ་ཟས་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག རང་ཉིད་ཕྱུག་པོ་ཆགས་རྗེས་ཁོང་གིས་གྲོང་མི་རྣམས་བརྗེད་མེད། ཁོང་གི་སྣེ་ཁྲིད་དང་རོགས་རམ་འོག་ད་ཆ་གྲོང་ཚོའི་ནང་ཚོང་རྒྱག་མཁན་མང་ཚོགས་མང་དུ་ཕྱིན་པ་མ་ཟད། ལ་ལས་རླངས་འཁོར་ཉོས་ཏེ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་བཞིན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག