མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-15 10:57

མི་རིགས་ཀྱི་རོལ་ཆ་དཀྲོལ་ནས་སྲོལ་རྒྱུན་ཞབས་བྲོ་འཁྲབ་པ།

    རྒོད་གླིང་།

    ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་རོལ་ཆ་།

    བོད་རིགས་ཀྱི་རྒོད་གླིང་ལ་ལོ་ངོ་1700ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་དེ་ནི་གླག་རྒོད་ཀྱི་རུས་ལས་བཟོས་པས་རྒོད་གླིང་ཞེས་པའི་མིང་ཐོགས། རྒོད་གླིང་གཙོ་བོ་བོད་ལྗོངས་དང་། སི་ཁྲོན། ཀན་སུའུ་བཅས་ཀྱི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ་བ་དང་དུས་རྒྱུན་རྐྱང་གཏོང་བྱེད་པ་དང་དེ་མིན་རི་འཛེག་དང་། གཤམ་སྐྱོད། དཔྱིད་རྨོད་བཅས་ཀྱི་སྐབས་གཏོང་སྲོལ་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་སྒྱུ་རྩལ་ཁྲུའི་ཁྲུའུ་ཀྲང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཨན་ཀུའེ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྒོད་གླིང་གི་རིང་ཚད་སྤྱིར་བཏང་ཐོག་ལི་སྨི་24ནས་26བར་དང་ཁ་ཞེང་ལ་ལི་སྨི་15ཙམ་ཡོད་པ་དང་གླིང་བུའི་ནང་ཁུལ་སྟོང་པ་ཡིན་པ་མ་ཟད་གླིང་བུར་ལྕེ་མེད་པ་རེད། རྒོད་གླིང་གོང་འོག་གཉིས་ཀྱི་ཁ་ཞེང་ཤར་བགྲོད་ཡིན་པ་དང་གླིང་བུའི་མཇུག་ངོས་སུ་བུ་ག་གསུམ་ཡོད། རྒོད་གླིང་གི་སྣེ་གཉིས་ནི་འཇོང་དབྱིབས་ཡིན་པ་དང་སྤྱིར་བཏང་ནས་བརྗོད་ཚེ་སྣེ་གོང་མའི་ཁ་ཞེང་ཅུང་ཆེ་བ་དང་སྣེ་འོག་མའི་ཁ་ཞེང་ཆུང་ཙམ་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ནང་རྒོད་གླིང་བཏང་ནས་སྐད་གྲགས་ཆོད་པའི་སྒྱུ་རྩལ་མཁས་པ་ཞིག་ཡོད་པ་སྟེ། ཁོང་གི་མཚན་ལ་ཚེ་བརྟན་ཞེས་ཞུ་བ་དང་ཁོང་གིས་རྒོད་གླིང་བཏང་ནས་ལོ་བཅུ་ཕྲག་སོང་བའི་ཉམས་མྱོང་ལྡན་ཡོད་། ཁོང་གི་ངོས་ནས་བརྗོད་ན་རྒོད་གླིང་ཡག་པོ་གཏོང་རྒྱུ་ནི་རང་འཁྲིའི་ལས་ཀ་ཞིག་ཡིན་པ་མ་ཟད་ད་དུང་འགན་འཁྲི་ཞིག་དེ་བས་ཡིན་ཞིང་། ཁོང་གིས“བོད་རིགས་ཀྱི་རོལ་ཆ་དཀྲོལ་གཏོང་མཁས་ཅན་ཞིག་ཡིན་པའི་ངོས་ནས་སྲོལ་རྒྱུན་གྱི་རོལ་ཆས་དེ་ལྟ་བུ་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་འགན་འཁྲི་ཡོད”ཅེས་བརྗོད།

རོལ་མོ་མཁས་ཅན་ཚེ་བརྟན་གྱིས་རྒོད་གླིང་གཏོང་བཞིན་ཡོད་པ།

    ཚེ་བརྟན་གྱིས་1983ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པར་དམངས་ཁྲོད་སྒྱུ་རྩལ་མཁས་པའི་ཁྲོད་ནས་ཆོས་ལུགས་དང་། ཕོ་བྲང་། དམངས་སྲོལ་བཅས་ཐད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་རྒྱུན་འཛིན་བྱེད་འགོ་བཙུགས་ཤིང་། “ང་ཚོ་རོལ་ཆ་དཀྲོལ་གཏོང་ལས་རིགས་ཀྱི་ངོས་ནས་བརྗོད་ན་ངའི་ལས་འགན་ཨང་དང་པོ་ནི་ང་ཚོ་བོད་མི་རིགས་ཀྱི་རོལ་དབྱངས་དང་རོལ་ཆ་དྲིལ་བསྒྲགས་བྱ་རྒྱུ་དེ་ཡིན། ང་ཚོ་བོད་ལ་ཆ་མཚོན་ན་རྒོད་གླིང་དང་། ཤིང་གླིང་། རྫ་གླིང་བཅས་གླིང་བུ་གསུམ་ཡོད་པ་དེ་དག་ཚང་མ་ནི་རྩ་ཆེའི་ནོར་བུ་ལྟར་ཡིན་པས་ངས་གཅེས་སྤྲས་ལྡབ་བརྒྱ་བྱེད་ཀྱི་ཡོད། ང་ད་ཆ་བོད་ཀྱི་གླིང་བུ་གཏོང་མཁན་རྩེ་གྲ་ཞིག་ཡིན་པས་ང་ལ་རོལ་ཆ་དེ་གསུམ་ལེགས་བཅོས་ཡག་པོ་བྱེད་པའི་འོས་འགན་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག