མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཕོ་བྲང་པོ་ཏ་ལས་གནས་སྤོའི་རིག་དངོས་ཁྲི་བཅུ་ལྷག་ཐོ་འགོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-29 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་འགན་ཁུར་བ་ཏིང་ཁྲང་ཀྲེང་གིས་གསར་འགོད་པར༼ཕོ་བྲང་པོ་ཏ་ལའི་གནས་སྤོའི་རིག་དངོས་ཁྲི་བཅུ་ལྷག་ཐོ་འགོད་པའི་ལས་དོན་ད་ལྟ་འགོ་ཚུགས་ཙམ་ཡིན་པ་དང་། 2016ལོར་ལེགས་གྲུབ་ཟིན་རྒྱུ་བརྩོན་ལེན་བྱེད་རྒྱུ་རེད༽ཅེས་བརྗོད་པ་རེད།

ཏིང་ཁྲང་ཀྲེང་གིས་གསར་འགོད་པར། ཕོ་བྲང་པོ་ཏ་ལའི་ནང་རིག་དངོས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་གནས་སྤོའི་རིག་དངོས་རྣམས་ཞིབ་བཤེར་དང་། ཐོ་འགོད། ཡིག་ཚགས་བཟོ་བ་དང་ཆབ་ཅིག རྒྱལ་ཁབ་རིག་དངོས་ཅུས་ཀྱི་རེའུ་མིག་ལ་གཞིགས་ནས། རིག་དངོས་ཀྱི་མིང་དང་། རིང་ཐུང་། ཡོངས་ཁུངས། ཆ་ཚང་མིན་གྱི་གནད་ཚུལ་སོགས་ཀྱི་ཆ་འཕྲིན་ཞིབ་ཚགས་ཐོ་འགོད་དགོས་པའི་རེ་བ་བཏོན་ཡོད་ཅེས་བརྗོད་ཡོད་པ་རེད།

ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས7པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱག་བཏབ་པ་དང་། ད་བར་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་ཡོད་པ་རེད། 1994ལོར། ཕོ་བྲང་པོ་ཏ་ལ་འདི་ཉིད༼འཛམ་གླིང་ཤུལ་བཞག་རིག་དངོས་ཀྱི་ཟིན་ཐོའི༽ནང་བཅུག་ཡོད་པ་རེད།

1961ལོར། ཕོ་བྲང་པོ་ཏ་ལ་འདི་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ་དང་། སྤྱི་ལོ1989ལོར། རྒྱལ་ཁབ་ཀྱིས་མི་དམངས་ཤོག་སྒོར་ཁྲི5300བཏང་ནས་ཕོ་བྲང་པོ་ཏ་ལའི་གྱང་ངོས་དང་། ལྡེབས་རིས། ཤིང་གི་གྲུབ་ཆ་སོགས་ཉེན་ཁ་ཡོད་པའི་ཆ་ཤས་སུ་ཞིག་གསོ་བྱས་ཡོད་པ་རེད། དེ་རྗེས། རྒྱལ་ཁབ་ཀྱིས་སླར་ཡང་སྒོར་དུང་ཕྱུར༢ཙམ་བཏང་ནས་ཕོ་བྲང་གི་རྨང་གཞི་དང་སྦགས་བཙོག་བྱུང་བའི་ཆ་ཤས་ཁག་ཏུ་ཞིག་གསོ་ཐེངས་གཉིས་པ་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག