མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་སློབ་གསོ་ཐོན་ཁུངས་དང་སློབ་གྲྭའི་བཅའ་བཀོད་ལེགས་སྒྲིག་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-29 10:48

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ལྷ་ས་གྲོང་ཁྱེར་གྱི་མཐོ་འབྲིང་གཉིས་པ་དང་གསུམ་པས་ཉིན་འགའི་སྔོན་ལ་བསྟུད་མར་ཆ་ཚང་གནས་སྤོས་མཛད་སྒོ་སྤེལ་ནས། ཞིབ་ཚགས་ནན་མོས་གྲ་སྒྲིག་ལེགས་པོ་དང་དཔྱད་སྒྲིབ་འཐུས་ཚང་བྱས་པ་དང་། སྐབས་བརྒྱད་པའི་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ་བརྒྱུད། གྲོང་ཁུལ་གྱི་སློབ་གྲྭའི་བཅའ་བཀོད་ལེགས་སྒྲིག་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་ཏེ་ཆོག་མཆན་གནང་།

    ཞིབ་ཚགས་ཀྱི་ལེགས་སྒྲིག་འཆར་ཟིན་ནི། ལྷ་ས་གྲོང་ཁྱེར་གྱི་མཐོ་འབྲིང་གཉིས་པ་དང་གསུམ་པ་སློབ་གསོ་གྲོང་ཁུལ་དུ་གནས་སྤོ་བ་དང་། ལྷ་སའི་དམའ་འབྲིང་བརྒྱད་པ་ནི་ལྷ་སའི་མཐོ་འབྲིང་གཉིས་པའི་སྔ་ཤུལ་དུ་སྤོས། ཚོད་ལྟ་སློབ་ཆུང་ནི་ལྷ་སའི་མཐོ་འབྲིང་གསུམ་པའི་སྔ་ཤུལ་དུ་སྤོས། མཚོ་གྲོང་སློབ་ཆུང་ནི་ཚོད་ལྟ་སློབ་ཆུང་གི་སྔ་ཤུལ་དུ་གནས་སྤོས། སློབ་ཆུང་གཉིས་པ་ལྷ་ས་གྲོང་ཁྱེར་གྱི་དམའ་འབྲིང་བརྒྱད་པའི་སྔ་ཤུལ་དུ་གནས་སྤོས་རྒྱུ་བཅས་རེད།

    ལྷ་ས་གྲོང་ཁྱེར་གྱི་དམའ་འབྲིང་བརྒྱད་པའི་སྔ་ཤུལ་གྱི་ཆ་རྐྱེན་སྤྱིའི་ཆ་ནས་ལེགས་བསྒྱུར་བྱེད་དགོས་པས། སློབ་ཆུང་གཉིས་པ་གནས་སྤོ་ལས་དོན་སང་ལོའི་བར་དུ་དལ་འགྱིང་བྱེད་པ་ལས། སློབ་གྲྭ་གཞན་དག་དུས་གཏན་ལྟར་དུ་ཟླ་བ་འདིའི་ཟླ་སྨད་ནས་རྒྱུན་མཐུད་ངང་གནས་སྤོ་བྱ་རྒྱུ་རེད།

    ད་ལོའི་ཟླ་བ་དགུ་བའི་ཚེས་གཅིག་ཉིན། གནས་སྤོ་འཆར་ཟིན་ཁྲོད་འདུས་པའི་སློབ་གྲྭ་ཁག་སོ་སོས་གནས་སྤོ་ལས་ཀ་ལེགས་འགྲུབ་བྱས་ཡོད་པ་མ་ཟད། དུས་གཏན་ལྟར་སློབ་འགོ་བརྩམས་ཐུབ་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཙོ་འཛིན་གཞོན་པ་སྨོན་ལམ་སྐྱབས་ཀྱིས་ངོ་སྤྲོད་བྱ་རྒྱུར། ལྷ་ས་གྲོང་ཁྱེར་གྱིས་སྤྱིའི་ཆ་ནས་ཅུང་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་བཙུགས་ཡོད་ཀྱང་། རིམ་པ་དང་རིགས་སོ་སོའི་སློབ་གྲྭའི་བཅའ་བཀོད་ལུགས་མཐུན་མིན་པ་དང་། ལྷ་སའི་གྲོང་རྙིང་ཁུལ་དུ་སློབ་ཆུང་གི་དགེ་མཚན་ལྡན་པའི་སློབ་གསོ་ཐོན་ཁུངས་གཅིག་འདུས་ཆེ་བ་དང་། སློབ་གྲྭ་འདེམས་པའི་གནས་ཚུལ་ཁྱབ་ཆེ། སློབ་གྲྭའི་ས་རྒྱ་ཆུང་ཆེ་བ། སློབ་གྲྭར་སློབ་མ་མིང་དྲག་པ། འཛིན་གྲྭའི་ཁ་གྲངས་མང་དྲག་པ་སོགས་ཀྱི་གནད་དོན་ལྡན་པས། དགེ་མཚན་ལྡན་པའི་སློབ་གསོ་ཐོན་ཁུངས་ཀྱི་ནུས་པ་འདོན་མི་ཐུབ་པ་མ་ཟད། སློབ་གསོ་འདྲ་མཉམ་འགན་ལེན་མི་ཐུབ་པ་དང་། འགྲིམ་འགྲུལ་གནོན་ཤུགས་ཇེ་ཆེ་སོགས་སྤྱི་ཚོགས་གནད་དོན་འབྱུང་སྲིད་པ་རེད།

    ལྷ་ས་གྲོང་ཁྱེར་ཏང་ཨུའམ། གྲོང་ཁྱེར་སྲིད་གཞུང་གིས་ཕྱོགས་ཡོངས་ནས་སློབ་གསོ་སློབ་སྒྲུབ་སྤུས་ཚད་ཇེ་མཐོ་དང་། ཤུགས་ཆེན་པོས་ལྷ་ས་གྲོང་ཁྱེར་ནི་ལྗོངས་ཡོངས་དང་ཐ་ན་ནུབ་རྒྱུད་མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གསོ་ས་ཁུལ་དུ་བཞེངས་བསྐྲུན་བྱེད་དགོས། ཉིས་སྟོང་བཅུ་གཉིས་ལོའི་ལོ་སྟོད་དུ། ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་སློབ་གསོ་གྲོང་མཁར་འཛུགས་སྐྲུན་བྱེད་འགོ་བརྩམས། ལྷ་སའི་སློབ་གསོ་གྲོང་མཁར་གྱི་ས་བབ་རྒྱ་ཁྱོན་ལ་མུའུ 4690 ཡོད་པ་དང་། སྤྱིའི་འཆར་འགོད་ཁྲོད་དུ་དེང་རབས་སློབ་གསོའི་བྱེད་ནུས་དང་བོད་ལྗོངས་ས་ཁུལ་གྱི་ཁྱད་ཆོས་འབུར་ཐོན་བྱས་ཡོད་ལ། མུའུ་ལྔ་བརྒྱ་ཡོད་པའི་རང་བྱུང་གྲོང་སྡེ་སོར་འཇོག་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གྱི་མཐོ་འབྲིང་གཉིས་པ་དང་གསུམ་པ་ནི་རེ་རེ་བཞིན་ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་གྲོང་མཁར་གྱི་ལྷ་སའི་པེ་ཅིན་ཚོད་ལྟ་སློབ་འབྲིང་དང་ལྷ་སའི་ཅང་སུའུ་ཚོད་ལྟ་སློབ་འབྲིང་དུ་གནས་སྤོ་བྱ་རྒྱུ་རེད། ངོ་སྤྲོད་བྱས་པ་ལྟར་ན། སློབ་གྲྭ་དེ་གཉིས་ཀྱིས་ནང་ལོགས་ས་ཁུལ་གྱི་སྔོན་ཐོན་སློབ་སྒྲུབ་དོ་དམ་བྱེད་ཐབས་སྤྱད་ནས། སློབ་གྲྭ་དེ་ནི་བོད་ལྗོངས་ཀྱི་ཕྱི་ལོགས་སུ་བགྲོད་མི་དགོས་པའི་ནང་ལོགས་ས་ཁུལ་གྱི་བོད་ལྗོངས་འཛིན་གྲྭ་ལ་འཛུགས་སྐྲུན་བྱ་རྒྱུ་རེད།

    པེ་ཅིན་དང་ཅང་སུའུ་བོད་སྐྱོར་བྱེད་ཐབས་ཇེ་ལེགས་བཏང་སྟེ། ཕུལ་དུ་བྱུང་བའི་དོ་དམ་ཚོགས་པ་མངག་གཏོང་བྱས་པ་མ་ཟད། རེ་རེས་ཕུལ་བྱུང་དགེ་རྒན་འདེམས་མངག་བྱས་ཏེ་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།

    ཅི་མིན་ནན་གྱིས། མིག་སྔར། ལྷ་ས་གྲོང་ཁྱེར་གྱིས་སློབ་གྲྭའི་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ་ནི་སློབ་གསོའི་ཐོན་ཁུངས་ལེགས་བསྒྱུར་བྱེད་པ་ཡིན། སློབ་གསོ་བཅོས་བསྒྱུར་གཏིང་ཟབ་དང་གཅིག་བསྡུས་སློབ་གསོ་འཕེལ་རྒྱས། དགེ་མཚན་ལྡན་པའི་སློབ་གསོ་ཐོན་ཁུངས་རྒྱ་བསྐྱེད། ཕྱོགས་ཡོངས་ནས་སྤྱིའི་སློབ་སྒྲུབ་ཆུ་ཚད་རིམ་འཕར་བྱས་ཏེ། འཛིན་གྲྭ་མང་བ་དང་སློབ་གྲྭ་འདེམས་ཆེ་བ་སོགས་ཀྱི་སློབ་གསོའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱིས་སེམས་མགུ་ཐོབ་པ་བྱེད་དགོས་ཞེས་བཤད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག