མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་ཁྲེང་ཀོན་ཆུས་ཀྱིས་སྐབས་གཉིས་པའི་དགོན་སྡེའི་གྲྭ་བཙུན་གྱི་ཡིག་གཟུགས་འགྲན་བསྡུར་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-29 10:56

ཡུལ་དངོས་ཀྱི་རྣམ་པ།
གྲྭ་བཙུན་ཚོས་ནན་ཏན་སྒོས་ཡིག་གཟུགས་འབྲི་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  རྒྱ་ཆེའི་གྲྭ་བཙུན་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཀྱི་འདུ་ཤེས།  ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ།  སྔར་ལས་ལྷག་པར་དགོན་སྡེའི་ཞབས་ཞུ་དང་དོ་དམ་གསར་སྐྲུན་ལ་ཤུགས་སྣོན་པ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་ཆེད། ཟླ7པའི་ཚེས22ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྐབས་གཉིས་པའི་དགོན་སྡེའི་གྲྭ་བཙུན་གྱི་ཡིག་གཟུགས་འགྲན་བསྡུར་ཁྲེང་ཀོན་ཆུས་སློབ་ཆུང་དུ་བསྡུས།  ཐེངས་འདིའི་ཡིག་གཟིགས་འགྲན་བསྡུར་ལེགས་འགྲུབ་འབྱུང་བར་ཆེད་དུ་བོད་རང་སྐྱོང་ལྗོངས་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་འཛིན་ནམ། ན་གཞོན་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་གདན་ཞུ་བྱས་ཏེ་དཔྱད་འདེམས་པའི་འགན་ཁུར་ཡོད།

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཚེ་རིང་ནོར་བུ་དང་།  ཁྲེང་ཀོན་ཆུས་ཨུའི་ཧྲུའུ་ཅི་གཞོན་པའམ། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མྰ་ཡོན་ཆིན། ཁྲེང་ཀོན་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞིའམ། མི་རིགས་ཆོས་ལུགས་ཅུའུ་ཡི་ཅི་ཀྲང་སྐལ་བཟང་དབང་བསྒྱུར་བྱ་དགའ་ནང་བའི་མཛད་སྒོར་ཞུགས།

ཐེངས་འདིའི་འགྲན་བསྡུར་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་།  འདིས་རྒྱ་ཆེའི་གྲྭ་བཙུན་ཚོའི་སློབ་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་བཏང་བ་མ་ཟད།  ཁོ་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་ཞིང་།  མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འོས་འཚམ་གྱི་འཕེལ་རྒྱས་འགྲོ་བར་མཛུབ་ཁྲིད་བྱེད་པ།  ཁྲེང་ཀོན་ཆུས་ཀྱི་དགོན་སྡེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཁྲིམས་བརྩི་བྱེད་པ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས།  ཁྲེང་ཀོན་ཆུས་ཏང་ཨུ་དང་སྲིད་གཞུང་ལས་ད་དུང་མུ་མཐུད་དུ་དོན་སྙིང་ཆེན་པོ་ལྡན་པའི་བྱ་འགུལ་འདི་ལྟ་བུ་སྒྲུབ་ནས་ཁྲེང་ཀོན་ཆུས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ལ་རྨང་གཞི་བརྟན་པོ་འཛུགས་རྒྱུ་ཡིན་པར་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག