མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སས་ཞིང་ཕྱུགས་ཐོན་རྫས་ཀྱི་བདེ་འཇགས་དང་སྤུས་ཚད་ལ་ཞིབ་བཤེར་ཚད་ལེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-30 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱིས་སྣེ་ཁྲིད་དེ་ཞིང་ཕྱུགས་ཐོན་རྫས་ཀྱི་བདེ་འཇགས་ལ་ཞིབ་བཤེར་ཐེངས4བྱས་པ་དང་། བཟོ་ཚོང་ཅུས་སོགས་ཚན་པར་གཞོག་འདེགས་བྱས་ནས་ཁྲོམ་རར་མཉམ་འབྲེལ་ཞིབ་བཤེར་ཐེངས8བྱས་ཡོད་ལ། ཞིང་ལས་ཐོན་ཟོག་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱེད་སྒོ་སྒྲིག་འཛུགས་བྱས་པས། ད་ཆ་གྲོང་ཁྱེར་ཡོངས་ལ་ཞིང་འབྲེལ་གྱི་ཐོན་སྐྱེད་དང་གཉེར་སྐྱོང་ཁྲོམ་རའི་སྒྲིག་ལམ་བལྟོས་བཅས་ཀྱིས་ལེགས་ཙམ་ཡོད་པ་དང་། ཞིང་ལས་ཐོན་ཟོག་སྤུས་ལེགས་ཀྱིས་ཁྲོམ་ར་བཟུང་ཚད་དང་བློས་འགེལ་ཆོག་པའི་ཞིང་ལས་ཐོན་ཟོག་གི་ཁྱབ་ཚད་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། དེ་དང་དུས་མཚུངས་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱིས་ད་དུང་སྲོག་ཆགས་ཀྱི་འཕྲོད་བསྟེན་དང་སྐྱེ་དངོས་ཀྱི་ནད་ཡམས་ཞིབ་བཤེར་ལྟ་སྐུལ་ལས་དོན་སྤེལ་བས་ནད་ཡམས་ཞིབ་བཤེར་ལྟ་སྐུལ་ཐུབ་ཚད་བརྒྱ་ཆ100ཟིན་ཡོད། ཞིང་ཞོར་ཐོན་ཟོག་ཐོན་ཁུལ་གྱི་ཞིང་སའི་སྤུས་ཚད་ཡོངས་ཁྱབ་ཞིབ་བཤེར་དང་འཐེན་བཤེར་ལས་དོན་སྤེལ་བས་གྲོང་ཁྱེར་ཡོངས་ཀྱི་རྫོང7དང་ཆུས༡གི་ཞིང་སའི་མ་དཔེ1800ལེན་པ་དང་། བརྟག་དཔྱད་ཀྱི་ལས་དོན་གྲུབ་སྟེ་ད་ལྟ་ཞིང་འབྲོག་ཐིང་སྤུས་བཤེར་ལྟེ་གནས་སུ་བསྐྱལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག