མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཟླ10བར་སྐྱིད་རོང་འགག་སྒོ་འབྱེད་འཆར་ཡོད།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-30 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་ནུབ་ལྷོའི་བརྒྱུད་དུ་ཆགས་པའི་སྐྱིད་རོང་འགག་སྒོ་ནི་སྔོན་བོད་ལྗོངས་དང་བལ་བོ་གཉིས་ཀྱི་སྐམ་སའི་ཚོང་ལམ་གྱི་འགག་སྒོ་ཆེ་ཤོས་ཡིན་ཞིང་། དེ་ལ་ཚོང་ལམ་དང་། གཞུང་ལམ། འཐབ་ལམ་བཅས་འབོད་སྲོལ་ཡོད། མིག་སྔར་སྐྱིད་རོང་འགག་སྒོ་དངོས་སུ་སྒོ་ཕྱེ་པ་དེ་ཡང2014ལོའི་རྒྱལ་ཁབ་ཀྱི་འགག་སྒོའི་གཙོ་གནད་ལས་ཀའི་འཆར་འགོད་ནང་བཞག་ཡོད་པ་རེད།

ཤེས་གསལ་ལྟར་ན། སྐྱིད་རོང་འགག་སྒོ་འཛུགས་སྐྲུན་གྱི་རྨང་གཞི་ཞབས་ཞུ་ལས་ཀ་དེ་ཟླ༧པར་འགྲུབ་རྩིས་ཡོད་པ་དང་། ཟླ10བའི་ནང་ཚོང་ལམ་ཕྱེ་རྒྱུ་རེད། དུས་དེར་བྱེད་ནུས་ཀུན་ཚང་དང་ཞབས་ཞུ་ཀུན་འཛོམས་ཀྱི་དེང་རབས་སྐམ་སའི་ཚོང་ལམ་འགག་སྒོ་ཞིག་མི་རྣམས་ཀྱི་སྤྱན་ལམ་དུ་ངོམ་སྲིད།

ཀྲུང་གོའི་བོད་ལྗོངས་དང་བལ་བོ་གཉིས་ཀྱི་མཐའ་མཚམས་ཏེ་སྐྱིད་རོང་འགག་སྒོར་རྒྱུ་ཆས་མི་འདྲ་བའི་ཟམ་ཆེན་གསུམ་མཐོང་ཐུབ་ལ། དེ་དག་གི་འཛུགས་སྐྲུན་གྱི་དུས་རབས་ཀྱང་མི་འདྲ། གཅིག་ལས་གཅིག་འཕྲོར་བཙུགས་པའི་ཟམ་པ་དེ་དག་ནི་མཐའ་མཚམས་ཕྱོགས་གཉིས་ཀྱི་ཉོ་ཚོང་གི་ལོ་རྒྱུས་ཀྱི་ར་སྤྲོད་ཅིག་ཏུ་གྱུར་ཡོད།

བཀོལ་སྤྱོད་བྱེད་འཆར་ཡོད་པའི་རེ་གསོ་ཟམ་པ།

དོག་རིང་ལ་ཕར་གཡོ་ཚར་གཡོ་བྱེད་པའི་ལྕགས་ཐག་ཟམ་པའི་སྟེང་འགྲེང་ནས་གཡོན་ཕྱོགས་ལ་རྒྱང་ལྟ་བྱས་ཚེ། དོག་ལ་ཕུ་རིང་ཞིང་གཡོ་འགུལ་ཆེ་བའི་ལྕགས་སྦྲེལ་ཟམ་པའི་ཤིང་རྒྱུའི་རེ་གསོ་ཟམ་པ་རེད། གཡས་ཕྱོགས་སུ་གཟིགས་དུས། ལེགས་འགྲུབ་བྱུང་ནས་ཅུང་མ་འགོར་བའི་རིང་ཚད་ལ་སྨི11.5ཅན་གྱི་ཟམ་པ་སྟེ། འཁོར་ལམ་བཞི་ཤོང་ཐུབ་ལ་མི་འགྱངས་པར་སྤྱོད་འཆར་ཡོད་པའི་ཀྲུང་བལ་རེ་གསོ་མཛའ་མཐུན་ཟམ་པ་ཡིན། སྟེང་ལ་གཟིགས་དུས། སྤྲིན་སྨུག་འཐིལ་ཞིང་དགོང་སྔོན་བརྟོལ་བའི་རི་རྩེ་ཡིན། ལྕགས་ཐག་ཟམ་པའི་གསེབ་ག་ནས་མར་ལྟ་དུས། རྦ་རླབས་ཆལ་ཆིལ་དུ་འཕྱུར་པའི་འབབ་ཆུ། རྒྱབ་ཕྱོགས་ལ་གཟིགས་དུས། དེང་རབས་ཁྱད་ཆོས་ཀྱིས་མངོན་པར་ཕྱུག་པའི་ཁང་བརྩེགས་ཤིག་འགྲེང་ཡོད་པ་ནི་མ་དངུལ་སྒོར་ཁྲི8000བཏང་ནས་བསྐྲུན་པའི་མཉམ་འབྲེལ་ཞིབ་བཤེར་ཐོག་ཁང་ཆེན་པོ་རེད།  ། 

ད་ལོའི་ཟླ10བ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་སྐྱིད་རོང་འགག་སྒོ་རྒྱ་བསྐྱེད་དེ་ཕྱི་ཕྱོགས་སུ་སྒོ་འབྱེད་རྩིས་ཡོད། དུས་དེར་གསར་དུ་བཟོས་པའི་ཀྲུང་བལ་རེ་གསོ་མཛའ་མཐུན་ཟམ་པ་དེ་བཀོད་སྤྱོད་བྱེད་རྒྱུ་ཡིན་ཞིང་། འདི་གར་ཚོང་གཉེར་ལ་བྲེལ་བའི་མཐའ་མཚམས་མང་ཚོགས་ཡང་མི་ཤུགས་ལ་བརྟེན་ནས་གུ་དོག་པའི་ལྕགས་ཐག་ཟམ་པའི་ཐོག་ཕར་འགྲོ་ཚར་འོང་གི་ལོ་རྒྱུས་མཇུག་རྫོགས་ངེས། ཞེས་སྐྱིད་རོང་འགག་སྒོའི་འགོ་གཙོ་ཝང་ལོང་གིས་དེ་ལྟར་བརྗོད་བྱུང་།བར་བརྟེན། ངས་ད་ལོའི་ལོ་སྟོད་དུ་སྒོར་ཁྲི་བཅུ་ལྷག་ཁེ་བཟང་རག་ཐུབ་པ་བྱུང་། སྐྱིད་རོང་འགག་སྒོ་རྒྱ་བསྐྱེད་དེ་སྒོ་ཕྱེས་རྗེས། ངས་རང་གི་ཚོང་ཇེ་ཆེར་བཏང་སྟེ་ཀྲུང་གོའི་ཐོན་རྫས་བལ་བོར་འཚོང་རྒྱུ་ཡིན། ཁོང་ཚོ་གང་ལ་དགའ་པོ་ཡོད་ན་ངས་དེ་འཚོང་རྒྱུ་ཡིན། བལ་བོའི་གྱོན་ཆས་དང་མདོག་ཆ་ལ་བོད་ནས་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། རྗེས་མར་ངས་དེ་ཕྱོགས་ཀྱི་ཚོང་ཟོག་ཀྱང་ནང་འདྲེན་བྱེད་རྩིས་ཡོད་ཅེས་བཤད་བྱུང་། ཤེས་གསལ་ལྟར་ན། ད་ལོའི་ཟླ་དང་པོ་ནས6པའི་བར་དུ། སྐྱིད་རོང་མཚོ་འགག་གིས་མཐའ་མཚམས་སྡོད་དམངས་ཀྱི་ཕན་ཚུན་ཉོ་ཚོང་ལ་ལྟ་རྟོག་དོ་དམ་བྱས་པའི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི2165ལ་སླེབས་ཤིང་། དངོས་ཟོག་སྤྱིའི་ལྗིད་ཚད་ཏུན2616ལས་བརྒལ་ཡོད། དེ་ནི་ན་ནིང་གི་དུས་མཚུངས་ལས་སོ་སོ་ལྡབ8.91དང8.4ཡིས་འཕར་ཡོད། སྐྱིད་རོང་མཚོ་དགག་གི་ལས་ཀ་གཙོ་བོ་ནི་འགག་སྒོ་གེགས་མེད་བདེ་བླག་ངང་སྒོ་འབྱེད་་བར་འགན་སྲུང་བྱེད་རྒྱུ་དེ་རེད།

འགག་སྒོ་ཕྱེས་རྗེས། སྐྱིད་རོང་རྫོང་དེ་ཉིད་འགྲམ་འགག་སྒོ་རྗེས་ཀྱི་ཉོ་ཚོང་འགག་སྒོ་གལ་ཆེན་དང་། རྒྱལ་སྤྱིའི་རྐང་ཐང་ཡུལ་སྐོར་དང་། བོད་ཀྱི་དམངས་སྲོལ་བྱེད་སྒོ། སྒེར་འཁོར་བསྐོར་ནས་ཡུལ་སྐོར་བཅས་བྱེད་པའི་གནས་གལ་ཆེན་དུ་འགྱུར་བའི་རེ་བ་ཡོད། དུས་མཚུངས་སུ་ལྷ་སའི་མཚོ་འགག་གིས་ས་གནས་སྲིད་གཞུང་དང་མཉམ་དུ་འགག་སྒོའི་བྱེད་ནུས་འཐུས་ཚང་དང་སྒོ་འབྱེད་ཚད་ཐིག་ཇེ་མཐོར་བཏང་སྟེ། འགག་སྒོའི་འཁོར་རྒྱུག་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོང་བཏང་ཁར། ཨེ་ཤ་ཡ་ལྷོ་མའི་སྐམ་སའི་ཉོ་ཚོང་གི་ཚོང་ལམ་བསྐྲུན་པར་ཆ་རྐྱེན་བསྐྲུན་རྒྱུ་དང་། སྐྱིད་རོང་འགག་སྒོ་གཙོར་བཟུང་སྟེ། ཀྲུང་བལ་སྐྱིད་རོང་འགག་སྒོའི་རྒྱལ་ཁོངས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་རེད །

ལྷག་པ་ནི་ད་ལོ་ལོ་ན32ཡིན་པའི་བོད་རིགས་མཐའ་མཚམས་སྡོད་དམངས་ཤིག་ཡིན། འགག་སྒོ་ནས་ལོ་མང་པོར་ཚོང་ལས་གཉེར་མྱོང་། ཁོང་གིས། ངས་ད་བར་དུ་ཚོང་ལས་གཉེར་བ་ཡིན། སྔོན་ཆད་ཉིན་བཅུ་ཕྲག་ཁ་ཤས་ནང་ད་གཟོད་སྒོར་བརྒྱ་ལྷག་རག་ཐུབ་པ་ཡིན། ད་ལོ་ནས་བཟུང་། སྐྱིད་རོང་འགག་སྒོའི་ཉོ་ཚོང་མགྱོགས་པོར་འཕེལ་རྒྱས་བྱུང་།

འགྱུར་ལྡོག་དེ་དག་གིས་མཐའ་མཚམས་སྡོད་དམངས་ཀྱི་ཕན་ཚུན་ཉོ་ཚོང་གི་ཕྱོགས་གཅིག་ཉོ་ཚོང་གི་གནས་སྟངས་ལ་འགྱུར་ལྡོག་གཏོང་སྲིད་པ་མ་ཟད། སྤྱིར་བཏང་གི་ཉོ་ཚོང་ནས་མཐའ་མཚམས་ཉོང་ཚོང་ཆུང་ཆུང་གི་ཕྱོགས་སུ་བསྒྱུར་ནས་ཕྱོགས་གཉིས་ཀྱི་ཡུལ་སྐོར་སྐུ་མགྲོན་ཕར་འགྲོ་ཚར་འོང་ལ་སྔར་བས་སྟབས་བདེར་བཟོ་སྲིད། མཚོ་འགག་ལྟ་རྟོག་སྒྲིག་ཆས་དང་། དངུལ་རྩའི་མ་ལག་ཕྱོགས་ནས་ཀྱང་དེ་མཚུངས་སུ་བསྒྲིག་རྒྱུ་རེད།

སྐྱིད་རོང་འགག་སྒོའི་འཕེལ་རྒྱས་ཀྱི་མི་མངོན་ནུས་ཤུགས་གླེང་དུས། མཚོ་འགག་གི་འགོ་གཙོ་ཝང་ལོང་གིས། མཐའ་མཚམས་ཉོ་ཚོང་འཁྲུག་ཆ་དོད་པོར་གྱུར་བ་དང་བསྟུན་ནས་ཉོང་ཚོང་གི་སྤྱི་འབོར་ཡང་སྔར་བས་ལེགས་སྲིད། མིག་སྔར་ཨེ་ཤ་ཡ་ལྷོ་མར་བགྲོད་པའི་ལམ་ཆེན་སྐམ་སའི་འགག་སྒོ་ཆེན་མོ་ཡིན་པའི་འགྲམ་འགག་སྒོ་དེ་ད་ལྟ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེ་བཞིན་དུ་སྐྱིད་རོང་འགག་སྒོ་ཡང་ཨེ་ཤ་ལྷོ་མར་བགྲོད་པའི་ལམ་ཆེན་གྱི་ཤར་རླུང་གིས་དེད་དེ་སྒོ་འབྱེད་རྒྱུ་ཡིན་པས། ཀྲུང་གོ་ནས་ཨེ་ཤ་ཡ་ལྷོ་མར་བགྲོད་པའི་ལམ་ཆེན་གཙོ་བོ་ནང་གི་གཅིག་ཏུ་འགྱུར་ངེས། དེ་ལས་གལ་ཆེ་བ་ནི། འགག་སྒོ་དེ་གཉིས་ནི་འགྲན་རྩོད་ཀྱི་འབྲེལ་བ་མིན་པར་གཉིས་ཕན་གྱི་འབྲེལ་བ་ཡིན།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག