མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ཟླ5བའི་ཟླ་མཇུག་བར་བོད་ལྗོངས་ཀྱིས་ནོར་སྲིད་དབུལ་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར44བཏང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-30 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་ལ། བོད་ལྗོངས་ཀྱིས་ཤང་ཡོངས་ནས་ཁྱབ་རྡལ་དུ་གཏོང་བ་དང་།  དབུལ་སྐྱོར་དུད་ཁྱིམ་ཀྱི་བདེ་སྡོད་བཟོ་འགོད་ལག་བསྟར་བྱེད་པ་སོགས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བ་དང་དབུལ་སྐྱོར་གསར་སྤེལ་བྱ་བར་གྲུབ་འབྲས་གསར་བ་ཐོབ།

ནོར་སྲིད་ཕྱོགས་ཀྱི་མ་དངུལ་གཏོད་ཚད་མུ་མཐུད་དུ་ཇེ་མང་དུ་སོང་ཡོད་པ་དང་།  ད་ལོའི་ལོ་སྟོད་ལ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཕྱོགས་ཀྱི་མ་དངུལ་སྒོར་དུང་ཕྱུར11.5དངོས་འབེབས་བྱས་པ་དང་དུས་མཉམ་ལས19.4%ཡར་འཕར། རྫོང་རིམ་པའི་ནོར་སྲིད་ཕྱོགས་ཀྱིས་དབུལ་སྐྱོར་གསར་སྤེལ་མ་དངུལ་སྒོར་དུང་ཕྱུར2.31བཀོད་སྒྲིག་བྱས་པ་དང་དུས་མཉམ་ལས49.4%ཟིན་ཡོད་པས། མ་དངུལ་གཏོང་ཚད་ལོ་རྒྱུས་སྟེང་གི་ཟིན་ཐོ་གསར་བ་སྐྲུན། 2014ལོའི་ཟླ5བའི་ཟླ་མཇུག་བར་ལྗོངས་ཡོངས་ནས་ནོར་སྲིད་ཕྱོགས་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར44བཏང་ཞིང་།  དབུལ་ཕོངས་མི་གྲངས་ཉིན་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད། ལྗོངས་ཡོངས་ནས་ཡོང་སྒོ་དམའ་བའི་མི་གྲངས2013ལོའི་ལོ་མཇུག་བར་མི་གྲངས45.7ཇེ་ཉུང་དུ་སོང་ཡོད་ལ། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་ཐོབ་ཡོད་པ་མ་ཟད། དབུལ་ཕོངས་དུད་ཁྱིམ་གྱི་བདེ་སྡོད་བཟོ་འགོད་ཀྱང་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཡོད་པ་དང་། དུད་ཁྱིམ་ཁྲི2.2དང་དབུལ་ཕོངས་མི་གྲངས་ཁྲི10ལྷག་བདེ་ཞིང་སྐྱིད་པའི་ཁང་གསར་ནང་སྤར། གཞན་ད་དུང་ཐག་ཤུད་ཟམ་པ84ལྕགས་ཟམ་དུ་བསྒྱུར་བའི་བཟོ་འགོད་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་མ་ཟད་བཀོལ་སྤྱོད་བྱེད་བཞིན་ཡོད་པས།  ས་གནས་བཞིའི་མང་ཚོགས་ཁྲི4ལྷག་གིས་ཐག་ཤུད་ལ་བརྟེན་ནས་ཕྱི་འགྲོ་དགོས་པའི་ལོ་རྒྱུས་མཇུག་རྫོགས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག