མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་བོད་ཀྱི་གསོ་རིག་ཆེད་མཁས་པ་དགྲ་འདུལ་ལ་རྒྱལ་སྨན་སློབ་དཔོན་ཆེན་མོའི་གཟེངས་རྟགས་ཐོབ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-08-01 10:23

བོད་ཀྱི་གསོ་རིག་ཆེད་མཁས་པ་དགྲ་འདུལ།(གཡས་ཀྱི་དང་པོ)

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་བོད་སྨན་ཁང་གི་འགོ་གཙོའམ་སྨན་པ་འབུམ་རམས་པ་དགྲ་འདུལ་ནི་ཉེ་ལམ་སྐབས་གཉིས་པའི་རྒྱལ་སྨན་སློབ་དཔོན་ཆེན་མོར་བདམས་ཐོན་བྱུང་ཞིང་། བོད་ལྗོངས་ཀྱི་བྱམས་པ་འཕྲིན་ལས་རྗེས་ནས་རྒྱལ་སྨན་སློབ་དཔོན་ཆེན་མོའི་གཟེངས་རྟགས་ཐོབ་མཁན་གྱི་བོད་ཀྱི་གསོ་རིག་ཆེད་མཁས་པ་གཉིས་པ་ཡིན།

རྒྱལ་སྨན་སློབ་དཔོན་ཆེན་མོ་ནི་ཀྲུང་གོའི་སྲིད་གཞུང་གིས་གནང་བའི་ཀྲུང་ལུགས་གསོ་རིག་ཤེས་ལྡན་མི་སྣའི་ཆེས་མཐོའི་གཟེངས་རྟགས་ཡིན་ཞིང་། སྐབས་དང་པོའི་རྒྱལ་སྨན་སློབ་དཔོན་ཆེན་མོ་འདེམ་པའི་བྱ་འགུལ་ནི2008ལོའི་ཟླ10བར་མགོ་བརྩམས་པ་དང་། སྐབས་གཉིས་པའི་རྒྱལ་སྨན་སློབ་དཔོན་ཆེན་མོ་འདེམ་པའི་བྱ་འགུལ་ནི2013ལོའི་ཟླ11བར་སྤེལ་བ་ཡིན།

རྒྱུས་ལོན་པ་ལྟར་ན། སྐབས་གཉིས་པའི་རྒྱལ་སྨན་སློབ་དཔོན་ཆེན་མོར་བདམས་ཐོན་བྱུང་མཁན་དག་གི་ཆེད་ལས་ནི་ཕྱི་ནད་ཚན་ཁག་དང་། ཁོག་ནད་ཚན་ཁག མོ་ནད་ཚན་ཁག ཁབ་བཙའ། ཀྲུང་ལུགས་གསོ་རིག དེ་མིན་བོད་སོག་ཡུ་གུར་སོགས་མི་རིགས་ཀྱི་གསོ་རིག་འདུས་པ་དང་། ཚང་མར་སྨན་བཅོས་ལག་རྩལ་དང་རིག་གཞུང་ཆུ་ཚད་མཐོན་པོ་ལྡན་ལ། ད་སྔ་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་སུ་ཀུན་སྤྱོད་དང་ལག་རྩལ་གཉིས་ཆ་ལེགས་པའི་ཕུལ་བྱུང་དཔེ་མཚོན་དུ་གྱུར་ཡོད།

དགྲ་འདུལ་ནི1946ལོར་སྐྱེས་ཤིང་། སྤུན་བཅུ་གཅིག་ལས་ཆེས་ཆེ་བ་ཡིན་པ་དང་། ལོ་བཅུ་གཉིས་སྟེང་སྨན་རྩིས་ཁང(བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་སྔར་གཞི་ཡིན)དུ་རྒྱུགས་འཕྲོད། བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས། སྨན་རྩིས་ཁང་ནི་བོད་སྨན་ཁང་དུ་བསྒྱུར་བ་དང་། དགྲ་འདུལ་གྱིས་འདི་ནས་བོད་ཀྱི་གསོ་རིག་གི་ལས་རྐང་བཟུང་བ་རེད།

ཁོང་གིས་འདས་པའི་ལོ་ངོ50ནང་། སྨན་གཉེར་དཀའ་བཅུ་བ་དང་། ཕྱི་ནད་ཚན་ཁག་གི་སྨན་པ་སོགས་བྱས་མྱོང་ཞིང་། བོད་སྨན་ཁང་གི་འགོ་གཙོ་རུ་གྱུར། ད་ལྟ་བོད་ལྗོངས་བོད་སྨན་ཁང་འདི་རྒྱལ་ཡོངས་རིམ་གསུམ་ཀ་པ་བའི་བོད་སྨན་སྨན་ཁང་ཐོག་མ་རུ་གྱུར་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག