མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་ཟླ8པའི་ཚེས15ཉིན་ལྷོ་ཁའི་རྩེ་ཐང་གྲོང་རྡལ་དུ་སྤེལ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-01 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས2014ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་རྩ་འཛུགས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2014ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་དེ་ཟླ8པའི་ཚེས15ཉིན་ནས་ཚེས19ཉིན་བར་དུ་ལྷོ་ཁ་ས་ཁུལ་གྱི་རྩེ་ཐང་གྲོང་རྡལ་དུ་སྤེལ་རྒྱུ་ཡིན་པ་རེད།

རྒྱུས་ལོན་ལྟར་ན། 2014ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་སྟེང་ཨན་ཧའེ་དང་། ཧུའུ་ནན། ཧུའུ་པེ་བཅས་ཞིང་ཆེན་གསུམ་གྱི་སྒྱུ་རྩལ་པ་བོད་གཏད་རོགས་སྐྱོར་བྱས་ནས་ལོ20འཁོར་བར་ཡུལ་དངུས་སུ་ཕེབས་ནས་རིག་རྩལ་འཁྲབ་སྟོན་བྱེད་རྒྱུ་ཡིན་ཞིང་། ཆབ་མདོ་དང་ཉིང་ཁྲི་ས་ཁུལ་གྱི་རིག་གནས་སྤེལ་རེས་སྒྱུ་རྩལ་ཚོགས་པ་དང་། ཀྲུང་གོའི་རྡོ་སོལ་གཏེར་ཁའི་རིག་རྩལ་ཚོགས་པ་སོགས་ཀྱི་སྒྱུ་རྩལ་པ་རྣམས་ཀྱང་རྩེ་ཐང་གྲོང་རྡལ་དུ་ཕེབས་ནས་རིག་གནས་བརྗེ་རེས་བྱེད་རྒྱུ་རེད།

ཐེངས་འདིའི་རིག་གནས་དུས་ཆེན་སྟེང་ད་དུང་ཚོང་འགུག་རྣམ་གྲངས་ཁྱབ་སྤེལ་ཚོགས་འདུ་དང་། ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན། ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཡུལ་སྐོར་རིག་གནས་དུས་ཆེན། གྲི་གུའི་དབྱར་སྐྱིད་དུས་ཆེན། རྒྱ་ཚ་རྫོང་གི་དྭགས་པོ་སྟར་ཕུད་དུས་ཆེན་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག