མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས་དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-01 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཉིང་ཁྲི་ས་ཁུལ་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བ་བརྒྱུད། གོང་འཕེལ་གྱི་འདུ་ཤེས་གསར་གཏོད་བྱེད་པ་དང༌། གོང་འཕེལ་གྱི་བྱ་ཐབས་འགྱུར་ལྡོག་གཏོང་བ། གོང་འཕེལ་གྱི་དཀའ་གནད་སེལ་བ་བཅས་བྱས་ནས་དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་པ་རེད།

སྤྱི་ཟླ1པོ་ནས6པའི་བར། ཉིང་ཁྲི་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར33ཟིན་པ་དེ་དུས་མཚུངས་པ་ལས15%འཕར་བ་དང༌། གཏན་འཇག་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར39ཟིན་པ་དེ་དུས་མཚུངས་པ་ལས39%འཕར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོ་བསིལ་ཚོང་བྱེད་ཚད་ཁྱོན་སྒོར་དུང་ཕྱུར8.8ཟིན་པ་དེ་དུས་མཚུངས་པ་ལས17%འཕར། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར3ཟིན་པ་དེ་དུས་མཚུངས་པ་ལས17%འཕར། ཁྲལ་འབབ་སྒོར་དུང་ཕྱུར3.2ཟིན་པ་དེ་དུས་མཚུངས་པ་ལས17.5%འཕར། དངུལ་རྩ་ཚན་པའི་མི་དམངས་ཤོག་སྒོར་དང་ཕྱི་རྒྱལ་དངུལ་ལོར་གྱི་བཅོལ་དངུལ་ལྷག་འཕྲོ་སྒོར་དུང་ཕྱུར200ལས་བརྒལ་བ་དང་། དངུལ་བུན་ལྷག་འཕྲོ་སྒོར་དུང་ཕྱུར121ཟིན་པ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་དངུལ་སྨར་གཏོང་སྒོའི་ཡོང་འབབ་སྒོར3732ཟིན་པ་དེ་དུས་མཚུངས་པ་ལས15.1%འཕར། གྲོང་མིའི་འཛད་སྤྱོད་རིན་གོང་བསྡུར་གྲངས13% ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆའི་གྲངས3.5འཕར་བ་བཅས་རེད།

ལོ་སྟོད་དུ་ཉིང་ཁྲི་ས་ཁུལ་གྱི་གཞུང་གྲོན་གསུམ་གྱི་སྤྱིའི་གཏོང་སྒོ་སྒོར་ཁྲི་ཚོ3907ཟིན་པ་དེ་དུས་མཚུངས་པ་ལས5.4ཆག་པ་དང༌། ཚོགས་འདུའི་གྲོན་དངུལ་གཏོང་ཚད་སྒོར་ཁྲི་ཚོ82ཟིན་པ་དེ་དུས་མཚུངས་པ་ལས44%ཆག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག