མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རྒྱལ་ཡོངས་གྱི་ཐེངས་དྲུག་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-08-10 11:37

རྒྱུན་དུ་ཞབས་བྲོར་འཁྲབ་པར་དགའ་མཁན་གྱི་འཐུས་མིས་ལུས་སྦྱོང་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས8ཉིན་ནི་རང་རྒྱལ་གྱི་ཐེངས་དྲུག་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་ཡིན་པས། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་སྤྱི་ལོ2014ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ལྷ་སར་འཚོགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་རིགས་ཁག་ཀྱི་འཐུས་མི་ཚོགས་པ་བདུན་གྱི་འཐུས་མི300ལྷག་བྱེད་སྒོར་ཞུགས་ནས། ལུས་རྩལ་དང་ཞབས་བྲོ་འཁྲབ་སྟོན་བྱས་ཏེ་རང་ལྗོངས་ཀྱི་དམངས་ཡོངས་ཀྱི་སྤྲོ་སྣང་ལྡན་པའི་འཚོ་བ་དང་། བདེ་ཐང་འདུ་ཤེས། དེ་བཞིན་མཐུན་སྒྲིལ་ཡར་ཐོན་གྱི་བསམ་པའི་དཔལ་ཡོན་གང་ལེགས་མངོན་པར་བྱས་ཡོད་པ་རེད།

སློབ་མའི་འཐུས་མིས་ཐང་ཆེན་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།

ལོ་ན་བགྲེས་ཀྱང་ཞབས་བྲོའི་སྟངས་སྟབས་ཀྱི་ཕྱུག་པའི་བགྲེས་སོང་ཆུང་བདག་གིས་ལུས་སྦྱོང་ཞབས་བྲོ་འཁྲབ་བཞིན་པ།

བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མའི་འཐུས་མིས་རང་རྩོམ་རང་འཁྲབ་ཀྱི་ལུས་སྦྱོང་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག