མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུའི་བྱང་ཐང་འཆར་ཅན་གེ་སར་རྒྱལ་པོའི་རྟ་རྒྱུག་རིག་གནས་ཉོ་ཚོང་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་སྤེལ་འགོ་ཚུགས།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་དྲ་བ།  2014-08-13 11:00

ནག་ཆུའི་འཆར་ཅན་རྟ་རྒྱུག་འགོ་ཚུགས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས10ཉིན་གྱི་སྔ་དྲོ། སྤྱི་ལོ2014ལོའི་ནག་ཆུའི་བྱང་ཐང་འཆར་ཅན་གེ་སར་རྒྱལ་པོའི་རྟ་རྒྱུག་རིག་གནས་ཉོ་ཚོང་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་སྐར་མ་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་བྱང་ཐང་འཆར་ཅན་གེ་སར་རྒྱལ་པོའི་རྟ་རྒྱུག་རིག་གནས་ཉོ་ཚོང་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཡང་གིས་འགོ་ཚུགས་ཤིག་ཚིག་སྒྲོན་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་བཟོ་ཚོང་མཉམ་ཚོགས་ཀྱི་ཀྲུའུ་ཞི་ངག་ཕོད་འཇིག་ཡོན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ཐུབ་བསྟན་ཚེ་དབང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་བཟང་བསྟན་འཛིན་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གེ་སར་རྒྱལ་པོའི་སྒྲུང་གླུ་དང་། སྟག་ཕུའི་ཨར་གཞས། སྲོལ་རྒྱུན་གྱོན་གོས་སོགས་འཁྲབ་སྟོན་དང་འགྲེམས་སྤེལ་བྱས་ཡོད་པ་རེད། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་ཆེས་ཐོག་མའི་སྲོལ་རྒྱུན་རྒྱན་གོས་འགྲེམས་སྟོན་གྱིས་གཟིགས་མོ་བ་མི་གྲངས་ཁྲི་ཚོ་གསུམ་ལྷག་གི་མིག་དབང་འཕྲོག་ཡོད་པ་རེད།།

རྡོ་འགྱོགས་འགྲན་བསྡུར་བྱེད་བཞིན་པ།

རྟ་ཐོག་ནས་ཁ་བཏག་སྒྲུགས་བཞིན་པ།

བྱང་ཐང་གི་དམིགས་བསལ་ལྡན་པའི་རྒྱན་གོས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག