མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ད་ལོའི་ལས་ཞུགས་བོད་སྐྱོར་གདན་ཞུ་ཚོགས་འདུ་ཐེངས་བཞི་བ་སྤེལ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-14 10:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། ཅང་སུའུ་ཞིང་ཆེན། ཨན་ཧའེ་ཞིན་ཆེན། ཧེ་ལུང་ཅིང་ཞིང་ཆེན། ལའོ་ཉིན་ཞིང་ཆེན། ཧི་པེ་ཞིང་ཆེན། ཝུའུ་ཧན་ངར་ལྕགས་དང་ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་ཡན་ལག་ཀུང་ཟི་བཅས་ཀྱིས་མཉམ་དུ་སྤེལ་བའི་ལས་ཞུགས་བོད་སྐྱོར་ཆེད་དོན་གདན་ཞུ་ཚོགས་འདུ་དེ་ཟླ8པའི་ཚེས16རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ཅུའུ་ནས་སྤེལ་རྒྱུ་ཡིན་ཞིང་། མིག་སྔར་གདན་ཞུ་ཚོགས་འདུའི་ལས་གནས་ཆ་འཕྲིན་དག་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་དྲ་ཚུགས་སྟེང་ཁྱབ་བསྒྲགས་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཆེད་དོན་གདན་ཞུ་ཚོགས་འདུ་ནི་ད་ལོའི་ལས་ཞུགས་བོད་སྐྱོར་གདན་ཞུ་ཚོགས་འདུ་ཐེངས་བཞི་བ་ཡིན་པ་དང་། སྐབས་དེར། ཞིང་ཆེན་ལྔ་དང་ཀྲུང་དབྱང་གི་ཁེ་ལས་གཉིས་ཀྱིས་བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མར་ལས་ཁུངས229ཡི་ལས་གནས3210མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག