མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་ཚོང་འགུག་རྣམ་གྲངས་མཆན་འགོད་མཛད་སྒོ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-14 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས10ཉིན་གྱི་ཕྱི་དྲོ། ནག་ཆུ་ས་ཁུལ་གྱིས་ཚོང་འགུག་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་མཆན་འགོད་མཛད་སྒོ་འཚོགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་རེས་ཀྱི་ཚོང་འགུག་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དེ་ནི་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་མཆན་འགོད་རྣམ་གྲངས་ཀྱི་མ་དངུལ་གཏོང་འཇོག་བྱེད་མང་ཤོས། གདན་ཞུས་བྱས་པའི་ཁེ་ལས་མཁས་པ་མང་ཤོས་བཅས་ཀྱི་བརྗོད་དོན་གཙོ་བོའི་ཚོང་འགུག་བྱེད་སྒོ་ཞིག་ཡིན་པ་དང༌། ཁྱོན་རྣམ་གྲངས12ལ་མིང་རྟགས་བཀོད་པར་སྤྱིའི་མ་འཇོག་སྒོར་དུང་ཕྱུར190ཟིན་ཡོད་ཅིང་། རྣམ་གྲངས་དེ་དག་རླུང་ནུས་གློག་འདོན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རླངས་འཁོར་ཐོན་ལས་ཁུལ། ཡུལ་སྐོར་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག