མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-14 11:30

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས11ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུས་དང་། གྲོང་ཁྱེར་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གིས་སྒྲུབ་འགན་འཁུར་བའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ལྷ་ས་ཞེས་བརྗོད་དོན་དུ་བྱས་པའི་སྐབས་དང་པོའི་ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་ཡོད་པ་རེད།

ད་ཐེངས་ཀྱི་བྱེད་སྒོར་རྒྱལ་ནང་གྱི་སྨྱན་སྦྱོར་ཚན་པ་བཅུ་གྲངས་ཀྱི་གསར་འགོད་པ་གདན་འདྲེན་ཞུས་ནས། ཉེ་བའི་ལོའི་ནང་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོབ་དང་། རིག་གནས་འཕེལ་རྒྱས། ཐོན་ལས་དར་སྤེལ། དམངས་གཙོ་ལེགས་བཅོས། དེ་བཞིན་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ལྷ་ས་ཞེས་པའི་བཅར་འདྲིའི་བྱེད་སྒོའི་དུས་ཡུན་ཉིན་བདུན་ཡིན་པ་དང་། ཉིན་བདུན་རིང་བྱེད་སྒོའི་ནང་ཞུགས་མཁན་གྱི་གསར་འགོད་པ་ཚོ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་དང་། མལ་གྲོ་གུང་དཀར་རྫོང་། འདམ་གཞུང་རྫོང་སོགས་གཞི་རིམ་དུ་ཟབ་བསྐྱོད་ཀྱིས་བཅར་འདྲི་དང་གསར་འགྱུར་སྤེལ་གཏོང་བྱ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག