མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་སུ་ཚན་རྩལ་ཆེད་མངགས་པ7000ལས་བརྒལ་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-09-27 12:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་ཤེས་རྟོགས་བྱས་པར་གཞིགས་ན། 2014ལོར་རང་ལྗོངས་ཀྱི་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ2600མང་དུ་ཕྱིན་ནས་ལྗོངས་ཡོངས་སུ་ཞིང་འབྲོག་པ་ཚན་རྩལ་ཆེད་མངགས་པའི་གྲངས་འབོར7166ཟིན་པ་དང་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་བརྒྱ་ཆ90%ཟིན་ཡོད། རྒྱ་ཆེའི་ཚན་རྩལ་ཆེད་མངགས་པས་ཞིང་འབྲོག་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་ཟབ་འཇུག་བྱས་ཏེ་ཞིང་འབྲོག་ལས་ཐོན་སྐྱེད་ལག་རྩལ་ཞབས་ཞུ་རྒྱ་ཆེར་སྤེལ་ནས་འདེབས་འཛུགས་དང་གསོ་ཚགས་ཀྱི་འཇོན་ཐང་ཅན་དང་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེན་པོའི་ནང་ཚན་རྩལ་ཆེད་མངགས་པས་ས་གནས་དེ་གའི་མང་ཚོགས་ལ་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་སློབ་པའི་གནས་ཚུལ་ཡིན་པ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག