མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྟོན་ཁའི་སློབ་སྐྱོར་རོགས་དངུལ་སྟེར་བའི་བྱ་འགུལ་ལས་བོད་ལྗོངས་ཀྱི་དམིགས་བསལ་དབུལ་ཕོངས་སློབ་མ263ལ་ཁེ་ཕན་ཐོབ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-12 10:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས11ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས2014ལོའི་སྟོན་ཁའི་སློབ་སྐྱོར་རོགས་དངུལ་རྩིས་སྤྲོད་བྱེད་པའི་མཛད་སྒོ་སྤེལ་ཏེ། ལྗོངས་ཡོངས་ཀྱི་དམིགས་བསལ་དབུལ་ཕོངས་སློབ་མ263ལ་རོགས་སྐྱོར་ཐོབ།

རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ་ལྗོངས་ཐད་གཏོགས་ལས་ཁུངས་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་ཐོག་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཅེ་མཛད་སྒོ་ཁྲོད་ཞུགས།

གསར་འགོད་པས་ཚོགས་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ལྗོངས་ཀྱི་སྟོན་ཁའི་སློབ་སྐྱོར་རོགས་དངུལ་སྟེར་བའི་བྱ་འགུལ་དེ2002ལོ་སྤེལ་འགོ་ཚུགས་པ་ནས་ད་ལྟའི་བར་ལོ13འགོར་ཡོད་ལ། བྱ་འགུལ་དེ་ལས་སློབ་མ་སྟོང་ཕྲག་ལྷག་སློབ་གྲྭར་འགྲིམ་པའི་རེ་འདུན་སྐོང་ཐུབ་པ་བྱུང་། སྤྱི་ཁྱབ་བཟོ་ཚོགས་ཀྱི་སློབ་སྐྱོར་རོགས་དངུལ་སྟེར་ཡུལ་དེ་དཀའ་ངལ་ཡོད་པའི་ལས་བཟོ་བའི་ཁྱིམ་ཚང་གི་ཡོང་སྒོའི་གནས་ཚུལ་དང་ཐོབ་ཐང་ལྟར། བྱེ་བྲག་ཏུ་རིགས་གསུམ་དབྱེ་ཡོད་དེ། མ་མཐའི་འགན་སྲུང་ཐོབ་པའི་དཀའ་ངལ་ཡོད་པའི་ལས་བཟོ་བའི་བུ་ཕྲུག་དང་། མ་མཐའི་འགན་སྲུང་ཐོབ་པའི་མཐའ་ཁུལ་གྱི་དཀའ་ངལ་ཡོད་པའི་ལས་བཟོ་བའི་བུ་ཕྲུག དེ་མིན་དཀའ་ངལ་ཡོད་པའི་རོང་འབྲོག་ཞོར་ལས་པའི་བུ་ཕྲུག་བཅས་འདུས། 2002ལོ་ནས་ད་ལྟའི་བར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བསྡོམས་པས་མ་དངུལ་སྒོར་ཁྲི1505.95གྲབས་གསོག་བྱས་ཏེ། དཀའ་ངལ་ཡོད་པའི་སློབ་མ5931ལ་རོགས་སྐྱོར་བྱས། དེའི་ཁྲོད་རོང་འབྲོག་ཞོར་ལས་པའི་བུ་ཕྲུག574འདུས།

ད་ལོར་ལྗོངས་ཡོངས་ཀྱི་སྙན་ཞུ་འབུལ་བའི་མ་མཐའི་འགན་སྲུང་ཐོབ་པའི་ལས་བཟོ་བའི་བུ་ཕྲུག་ཁྲོད། འབྲེལ་ཡོད་ཆ་རྐྱེན་དང་ཚད་གཞི་ལ་མཐུན་པའི་སློབ་མ220ཡོད། མིག་སྔར་ཞིབ་བཤེར་གཏན་འབེབས་བྱེད་བཞིན་པའི་སྒང་ཡིན། ལྗོངས་ཡོངས་ཀྱི་མ་འཐའི་འགན་སྲུང་ཐོབ་པའི་མཐའ་ཁུལ་གྱི་ལས་བཟོ་བའི་བུ་ཕྲུག263ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི88རོགས་སྐྱོར་བྱེད་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག