མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱི་སྒར་རྫོང་གིས་གྲོང་ཚོའི་སྐབས་བརྗེ་བའི་ལས་དོན་ཡག་པོ་སྤེལ་བར་སྐུལ་འདེད་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-18 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་གིས་གྲོང་ཚོའི་ལས་བྱེད་པའི་ལས་ཀའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་པ་དང་། གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེའི་ལས་དོན་ནུས་ལྡན་སྤེལ་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་ཡོད་པ་རེད། ད་ལོ་སྒར་རྫོང་གིས་མ་དངུལ་སྒོར་ཁྲི་ཚོ16ལྷག་བཏང་ནས་སྲིད་འཛིན་གྲོང12དང་གྲོང་ལྷན་གཉིས་ཀྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་། ལས་བྱེད་པ་དང་སློབ་ཆེན་ཐོན་པའི་གྲོང་དཔོན། གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་བཅས་གཤམ་གཏོང་བྱེད་ཤུགས་སྔར་བས་ཆེ་བཏང་ནས་རྫོང་དེ་ཡོངས་ཀྱི་གྲོང་ཚོ་དང་གྲོང་ལྷན14ཚང་མར་ཉུང་མཐར་སློབ་ཆེན་ཐོན་པའི་གྲོང་དཔོན་རེ་དང་ཧྲུའུ་ཅི་ཨང་དང་པོ་རེ་ཡོད་པ་བྱས་པ་རེད། དེ་དང་ཆབས་ཅིག་གྲོང་ཚོའི་ལས་བྱེད་པའི་གླ་ཆའི་ཁ་གསབ་ལམ་ལུགས་འཐུས་ཚང་བཟོས་ནས་གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་ཁག་དོན་འཁྱོལ་ཡོང་རྒྱུར་འགན་སྲུང་ཏན་ཏིག་བྱས་ཡོད། གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་ལས་རྗེས་དཔྱད་ཞིབ་ལམ་ལུགས་བཟོས་ནས་ལོ་ལྟར་ལོ་མཇུག་ཏུ་དཔྱད་ཞིབ་བྱེད་ཀྱི་ཡོད་པ་རེད།

གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཐད་ལེགས་སྐྱེས་མངོན་གསལ་དོད་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་གྲོང་ཚོའི་ལོ་འཁོར་གྱི་མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་འཕར་ཚད་ཀྱི་བརྒྱ་ཆ་ལྔ་བཏོན་ནས་བྱ་དགའ་སྤྲོད་པ་དང་དུས་མཚུངས། སློབ་སྦྱོང་སྦྱོང་བརྡར་དང་རྩལ་ནུས་སྦྱོང་བརྡར། བྱ་གཞག་གསར་གཏོད་བཅས་ཀྱི་ཐད་སྔོན་ལ་རྒྱབ་སྐྱོར་བྱས་པ་མ་ཟད་གྲོང་ཚོའི་ཏང་ཀྲི་པུའི་ཕུལ་བྱུང་ཧྲུའུ་ཅིའི་ཁྲོད་ནས་ཤང་གྲོང་རྡལ་གྱི་གཞུང་ཞབས་པ་འདེམས་པའི་ལས་དོན་དོན་འཁྱོལ་ནན་ཏན་བྱས་པས། ད་བར་རྫོང་དེ་ཡོངས་སུ་གྲོང་ཚོའི་ཏང་ཀྲི་པུའི་ཕུལ་བྱུང་ཧྲུའུ་ཅི3ཤང་གྲོང་རྡལ་གྱི་གཞུང་ཞབས་པའི་ནང་ཚུད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག