མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱིས་བོད་ལྗོངས་ལྷ་སའི“8·9”གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་གྱི་བརྟག་དཔྱད་འབྲས་བུ་བརྡ་ཁྱབ་བཏང་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-12-02 11:31

    ཟླ་11ཚེས་30ཉིན་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་ནས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ལྷ་སའི“8·9”གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་གྱི་བརྟག་དཔྱད་སྙན་ཞུར་མཆན་འགོད་བཀའ་ལན་བྱས་ནས་འགྲིམ་འགྲུལ་ལས་འཛོལ་དེ་འགན་འཁྲིའི་ལས་འཛོལ་ཞིག་ཡིན་པའི་གཏན་འཁེལ་བྱས།ཉེས་གསོག་དོགས་ཡོད་མི་སྣ་ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་ནས་ཉེས་དོན་འགན་འཁྲི་བདའ་འདེད་བཏང་བ་དང་འགན་འཁུར་བ་གཞན་ཚང་མར་དེ་མཚུངས་ཀྱི་ཏང་ཁྲིམས་དང་།སྲིད་ཁྲིམས།སྲིད་འཛིན་བཅས་ཀྱི་ཆད་པ་བཅད་ལུགས་བརྗོད་ཡོད།

    2014ལོའི་ཟླ་8ཚེས་9ཉིན་གྱི་ཆུ་ཚོད་14དང་སྐར་མ་37ཙམ་ལ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མངའ་ཁོངས་ནང་གི་རྒྱལ་ལམ་318ཐོག་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་ཐོན་ནས་མི་44ཤི་བ་དང་མི་11རྨས་ནས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་3900ཙམ་ཕོག་ཡོད་པ་རེད།

    རྩད་གཅོད་མཐའ་གསལ་བྱས་པ་བརྒྱུད།འགྲིམ་འགྲུལ་ལས་འཛོལ་ཐོན་པའི་ཐད་ཀའི་རྒྱུ་རྐྱེན་ནི་བོད་AX9272བྱེས་བགྲོད་རླངས་འཁོར་ཞིག་གིས་གྱེན་ལམ་ཐོག་མྱུར་ཚད་ལས་བརྒལ་ནས་རླངས་འཁོར་བཏང་བ་དང་འཁོར་ལོ་འདུ་གཏོང་བྱེད་སྐབས་ཁྲིམས་འགལ་ངང་ལམ་བཟུང་བ་དང་།བོད་AL1869འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཀྱི་བདེ་འཇགས་གནས་ཚུལ་རྒྱལ་ཁབ་ཀྱི་ཚད་གཞི་དང་མི་མཐུན་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་གནས་ཡོད་པས་ཐུར་དུ་མྱུར་ཚད་ལས་བརྒལ་ནས་རླངས་འཁོར་བཏང་བ་དང་འཁོར་ལོ་འདུ་གཏོང་བྱེད་སྐབས་རླངས་འཁོར་གཉིས་པོས་ཁྲིམས་འགལ་ངང་ལམ་བཟུང་ཁར་མྱུར་ཚད་འགོར་དུ་གཏོང་བ་དང་།ཉེན་བརྡ་གཏོང་བ།རླངས་འཁོར་ཁ་བཀག་པ།ཕན་ཚུན་གཡོལ་བ་སོགས་ཀྱི་བྱེད་ཐབས་གང་ཡང་སྤྱད་མེད་པས་ཡིན།

    དོ་དམ་བྱེད་པའི་རྒྱུ་རྐྱེན་ནི།ལྷ་ས་ཀྲི་ཡོན་རླངས་འཁོར་བོགས་གཏོང་ཚད་ཡོད་ཀུང་སིའི་བདེ་འཇགས་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་བཏང་མེད་པ་དང་།བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱུང་མེད་པ།ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་ནང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཀྱི་འབྱུང་རྩའི་བདེ་འཇགས་ལྟ་སྐུལ་དོ་དམ་དོན་ཐོག་ཏུ་འཁྱོལ་མེད་པ།ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་318དུ་ལས་འཛོལ་ཐོན་པའི་རླངས་འཁོར་གྱི་མྱུར་བརྒལ་དང་ཁྲིམས་འགལ་ལམ་བཟུང་ཐད་སྐོར་ཞིབ་བྱ་རྒྱུ་དང་དོ་དམ་ཚོད་འཛིན་བྱ་རྒྱུ་མི་འདང་བ།སྙེ་མོ་རྫོང་མི་དམངས་སྲིད་གཞུང་གིས་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་རྒྱུ་དོན་ཐོག་ཏུ་འཁྱོལ་མེད་པ།སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལམ་ངོས་ཐོག་གི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་དང་དེ་བཞིན་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་གྱི་མྱུར་བརྒལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་མི་འདང་བ།བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དོ་དམ་དོན་འཁྱོལ་བྱུང་མེད་པ།ལྟ་སྐུལ་སློབ་སྟོན་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་རླངས་འཁོར་བོགས་གཏོང་ཁེ་ལས་དང་ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ཀྱི་འབྱུང་རྩའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲིའི་ལས་དོན་དོན་ཐོག་ཏུ་འཁྱོལ་མེད་པ་བཅས་རེད།

    བརྟག་དཔྱད་བྱས་པའི་དོན་དངོས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་།ཀྲི་ཡོན་ཀུང་སིའི་འགན་འཁུར་བ་གཙོ་བོ་དབྱང་ཡན་ཅི་དང་གནས་མཆོག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་དེ་བཞིན་འགན་འཁུར་བ་ངོ་མ་དབྱང་ཅན་ཁང་སོགས་མི་བདུན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་དང་།མི་15ལ་ཏང་ཁྲིམས་དང་།སྲིད་ཁྲིམས།སྲིད་འཛིན་བཅས་ཀྱི་ཆད་པ་བཅད་ཡོད།གནས་མཆོག་ཀུང་སིའི་ཁྲིམས་བཅད་འཐུས་མི་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཨོ་དབྱང་ཤུན་དང་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུའུ་ཕིང་གཉིས་ཀྱིས་ལས་འཛོལ་ཐད་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་ལོ་གོང་མའི་ཡོང་འབབ་ཀྱི་80%ཡི་དངུལ་ཆད་བཅད་པ་དང་འབྲེལ་ཚེ་གང་ཡུལ་འགྲུལ་སྐྱེལ་སྐྱེལ་འདྲེན་ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོའི་འགན་འཁུར་མི་ཆོག་པའི་ཆད་པ་བཅད་ཡོད།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྐྱོན་ཞིབ་གཏིང་ཟབ་བྱ་རྒྱུའི་འགན་དཀྲིས་པ་དང་བོད་རང་སྐྱོང་ལྗོངས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲི་ཡོན་ཀུང་སིའི་གཞུང་ལམ་སྐྱེལ་འདྲེན་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་དང་ལས་གཉེར་ལག་ཁྱེར་བསྡུས་པའི་ཐོག་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་དང་གནས་མཆོག་ཀུང་སིར་རྦད་དེ་བཅོས་སྒྲིག་བྱས་ཡོད།བོད་རང་སྐྱོང་ལྗོངས་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་འགན་འཁྲིའི་ཁེ་ལས་དང་དེ་མིན་གྱི་འགན་འཁུར་བ་གཙོ་བོར་གཞན་ལ་ཁྲིམས་གཏན་བཞིན་དངུལ་ཆད་གཅོད་དགོས་པའི་འགན་དཀྲིས་ཡོད་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག