ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་རིང་གི་ཁྲོམ་རའི་མཁོ་སྤྲོད་དང་ཟོག་གོང་བརྟན་པོ་ཡོང་ཆེད། ཉིན་ཤས་གོང་ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུའུ་ཡིས་བཟོ་ཚོང་དང་སྤུས་ཚད་ལྟ་སྐུལ། ཟོག་གོང༌། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་སོགས་འབྲེལ་ཡོད་ཚན་པ་དང་མཉམ་དུ་ཆབ་མདོ་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་བཟའ་འཐུང༌། ཞིང་ཞོར་ཐོན་རྫས། གོང་ཁེའི་སྔོ་ཚལ་དང་ཚགས་ཤ་ཚོང་ཁང་སོགས་དུས་ཆེན་གྱི་ཁྲོམ་རར་བསྐྱོད་དེ། གྲོང་ཁྱེར་དེ་ཡོངས་ཀྱི་དུས་ཆེན་རིང་གི་འཚོ་བའི་མཁོ་ཆས་ཁྲོམ་རའི་འཁོར་རྒྱུག་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད་ཚོང་ར་ཆེ་ཁག་དང་ཞིང་ཞོར་ཐོན་རྫས་ཁྲོམ་རའི་ཐོག་ཕྱིར་ཚོང་བྱས་པའི་འབྲུ་རིགས་དང་སྔོ་ཚལ། ཤ་རིགས། ཤིང་འབྲས་སོགས་འཚོ་བའི་མཁོ་ཆས་ཀྱི་ཟོག་ཁུངས་འབལ་འབོལ་དང་རིན་གོང་བརྟན་པོ། སྤུས་ཚད་ལེགས་པོ་བཅས་ཡོད་པས་གྲོང་མིའི་དུས་ཆེན་རིང་གི་འཛད་སྤྱོད་དགོས་མཁོ་སྐོང་ཐུབ་མིན་ལ་རྒྱུས་ལོན་བྱས།

ཞིབ་བཤེར་ཚོགས་ཆུང་ནས་བརྒྱ་ཟོག་ཚོང་ར་ཆེ་ཁག་དང་ཤ་རིགས་དང་སྔོ་ཚལ་ཕྱིར་ཚོང་བྱེད་མཁན་གྱིས་ཟོག་ཁུངས་བཀོད་སྒྲིག་ཡག་པོ་བྱས་ཏེ། འཛད་སྤྱོད་ཁྲོམ་ར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དེང་སྐབས་ཆབ་མདོ་གྲོང་ཁུལ་དུ་ཆ་སྙོམས་ཉིན་རེར་སྔོ་ཚལ་དང་ཤིང་འབྲས་ཏུན25དང་ཕག་མགོ་གྲངས30སོགས་ཁྲོམ་རར་བཏོན་ནས་ཕྱིར་ཚོང་བྱེད་བཞིན་ཡོད་པ་དང་། དུས་མཚུངས་སུ་ཚོང་ར་ཆེ་ཁག་གིས་ལོ་གསར་གྱི་མཁོ་ཆས་ཁྲོམ་ར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་ཆེད། ལོ་གསར་མཁོ་ཆས་རིགས2000ལྷག་ཇེ་མང་དུ་བཏང་བས་ཁྲོམ་རའི་ཉོ་ཚོང་ཧ་ཅང་འཁྲུག་པོ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།