ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ནགས་ལས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར། ལྷོ་ཁ་ས་ཁུལ་གྱིས་སྡོང་འཛུགས་ནགས་བསྐྲུན་རྒྱ་ཁྱོན་མུའུ་ཁྲི14.24ལེགས་འགྲུབ་བྱུང་ཞིང་། ཞིང་ས་མུའུ་ཁྲི16.22ལྷག་ལ་རི་བཀག་ནགས་གསོ་བྱས། ནགས་ལས་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར3.1བཏང་ཡོད་པ་དང་། ནགས་སྐྱེ་ཚད90%ཡན་ལ་བསླེབས་ཡོད་པ་རེད།

རྒྱུས་ལོན་ལྟར་ན། 2014ལོར། ལྷོ་ཁ་ས་ཁུལ་ནགས་ལས་ཅུའུ་ཡིས“མཛེས་སྡུག་ལྡན་པའི་ལྷོ་ཁ”འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཚོད་ལྟ་ཁུལ་སྔོན་ཐོན་བསྐྲུན་པའི་བྱ་བར་སྐུལ་འདེད་བཏང་། བསྡོམས་རྩིས་ལྟར་ན། ན་ནིང་། ལྷོ་ཁ་ས་ཁུལ་གྱིས་ས་ཁོངས་གཙོ་བོ་རུ་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་མུའུ་ཁྲི5.3ལྷག་འཛུགས་སྐྲུན་བྱས་ཤིང་། ལྷ་སའི་ཉེ་འདེབས་ས་ཁུལ་དུ་ལྗང་སྒྱུར་ནགས་ཚལ་མུའུ་ཁྲི6.5བསྐྲུན་པ་དང་རི་བཀག་ནགས་གསོ་བྱེད་ཚད་མུའུ་ཁྲི3ཟིན། མཐོ་སྒང་གི་སྐྱེ་ཁམས་འགོག་རགས་སྲུང་སྐྱོང་ནགས་ཚལ་མུའུ་ཁྲི7ལྷག་བསྐྲུན་པ་དང་། ཞིང་ས་མུའུ་ཁྲི12.32ལྷག་ལ་རི་བཀག་ནགས་གསོ་དང་བྱེ་བཅོས་བྱས། རྨོ་བསྐྱུར་ནགས་སྐྱོང་དང་རི་སྟོང་ནགས་བསྐྲུན་བྱེད་ཚད་མུའུ9500ཟིན་པ་དང་། རི་བཀག་ནགས་གསོ་བྱེད་ཚད་མུའུ་ཁྲི9000ཟིན་ནས། འོས་འགན་སྡོང་འཛུགས་མུའུ་ཁྲི3000འཆར་འགོད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།