ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་མཁར་གྲོང་གི་སྡོད་དམངས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་སྡེ་ཁག་གིས2015ལོའི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་སྙན་ཞུ་ཕུལ་བའི་བྱ་བ་སྒྲུབ་པའི་ཁྲོད་སྔ་མོ་ནས་གྲ་སྒྲིག་དང་བཀོད་སྒྲིག་ཡག་པོ་བྱས་ཏེ། ལས་འགན་སོ་སོ་གཏན་ཁེལ་བྱེད་པའི་བྱེད་ཐབས་བརྒྱུད་དེ། ཕན་ནུས་ལྡན་པའི་ངང་ནས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་སྡོད་དམངས་ཁ་ཐོར་དུ་བསྡད་ཡོད་པ་དང་། སྨན་བཅོས་འགན་སྲུང་གནས་ཚུལ་རྙོག་འཛིང་ཡིན་པ། ཐོ་འགོད་དང་སྙན་ཞུ་བྱ་བ་རྙོག་རྫོབ་ཡིན་པའི་གནད་དོན་ཐག་གཅོད་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མཁར་གྲོང་གི་སྡོད་དམངས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ཐོ་འགོད་ཞིབ་བཤེར་བྱ་བ་དང་ནོར་སྲིད་ཁ་གསབ་རོགས་དངུལ་སྙན་ཞུ་ཕུལ་བབྱ་བ་ལེགས་འགྲུབ་བྱུང་།

ཟླ1པོའི་ཚེས30ཉིན་བར་དུ། ཆབ་མདོ་གྲོང་ཁྱེར་དུ་ཞིབ་བཤེར་གཏན་འབེབས་བྱས་པའི་མཁར་གྲོང་གི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་སྡོད་དམངས་མི་ཁྲི3.33ལྷག་ཡོད་པ་དང་། དུས་མཉམ་ལས་མི2543ཇེ་མང་དུ་སོང་ཡོད། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩིའི་སྨན་བཅོས་འགན་སྲུང་ཁྲོད་མི་སྒེར་གྱིས་སྤྲད་པའི་འསྨན་བཅོས་གན་སྲུང་མ་དངུལ་སྒོར་ཁྲི125.55སྡུད་ལེན་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།