ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ནགས་ལས་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ལྷོ་ཁ་ས་ཁུལ་གྱིས་ཞིང་ས་མུའུ་ཁྲི13ལ་སྡོང་འཛུགས་ནགས་བསྐྲུན་བྱེད་རྒྱུ་དང་། ཞིང་ས་མུའུ་ཁྲི4.6རི་བཀག་ནགས་གསོ་བྱེད་རྒྱུ། ཞིང་ས་མུའུ་ཁྲི31ལ་བྱེ་འགོག་བྱེ་བཅོས་བྱས་ཏེ། ནགས་ལས་རྣམ་གྲངས་ཐད་ཀྱི་མ་དངུལ་སྒོར་དུང་ཕྱུར2.06བཅས་བརྩོན་ལེན་བྱས་ཏེ། རོང་འབྲོག་པའི་ཡོང་སྒོ་སྒོར་དུང་ཕྱུར1གི་ཡན་འཕར་སྣོན་བྱུང་བར་སྐུལ་ཁྲིད་བྱེད་རྒྱུ་རེད།

ལྷོ་ཁ་ས་ཁུལ་ནགས་ལས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་བཤད་རྒྱུར། དོན་དངོས་དང་བསྟུན་ནས་ད་ལོའི་སྡོང་འཛུགས་ནགས་བསྐྲུན་བྱ་བ་ལེགས་པར་སྒྲུབ་ཆེད། ལྷོ་ཁ་ས་ཁུལ་ནགས་ལས་སྡེ་ཁག་གིས་བཀོད་སྒྲིག་ཞིབ་མོ་བྱས་ཏེ། ལྷོ་ཁའི་གནམ་གཤིས་ཁྱད་ཆོས་ལ་དམིགས་ཏེ། སྡོང་ཕྲུག་འདེམས་པ་དང་། ས་སྙོམས་པ། ས་དོང་རྐོ་བ། བླུད་འཇོག་པ། སྡོང་བོ་འཛུགས་པའི་རིམ་པ་སོ་སོའི་འགན་འཁྲི་དངོས་འབེབས་གང་ལེགས་བྱས་ཏེ། རྩ་འཛུགས་སྐུལ་སློང་བྱེད་པ་ནས་མ་དངུལ་བསྡུ་གསོག་བྱེད་པ། མི་ཤུགས་མངགས་གཏོང་བྱེད་པ་བཅས་ཀྱི་ཕྱོགས་སོ་སོ་ནས་སྔ་མོ་ནས་ལག་བསྟར་བྱེད་པ་དང་། དངོས་འབེབས་བྱ་བ་ནན་གྱིས་བཟུང་སྟེ། སྡོང་འཛུགས་ནགས་བསྐྲུན་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།