ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ལྷ་ས་གྲོང་ཁྱེར་གྱིས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། རྣམ་གྲངས་ཐད་ཀྱི་མ་དངུལ་བརྩོན་ལེན་བྱས་ནས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་། ད་ལོར། ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་གཞུང་ལམ་འཛུགས་སྐྲུན་བྱ་བ་སྤེལ་ལ། རྩ་བའི་འཛུགས་སྐྲུན་གོ་རིམ་གཟབ་ནན་ངང་ལག་བསྟར་བྱས་པ་བརྒྱུད་དེ། ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་དོ་དམ་ཆུ་ཚད་ཇེ་མཐོར་བཏང་ནས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱ་བ་རྒྱུན་མཐུད་བདེ་བླག་ངང་འཕེལ་རྒྱས་མངོན་འགྱུར་བྱུང་།

ཉེ་བའི་ལོ་འགའི་རིང་ལ། ལྷ་ས་གྲོང་ཁྱེར་གྱིས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ཏེ། ལྷ་ས་གྲོང་ཁྱེར་གྱི་ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱས་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས། རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ལྷ་ས་གྲོང་ཁྱེར་གྱིས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། རྫོང་བརྒྱད་དང་། ཞང་གྲོང་ང་དྲུག སྲིད་འཛིན་གྲོང་ཚོ་ཉིས་བརྒྱ་རེ་གཅིག རང་བྱུང་གྲོང་ཚོ་སྟོང་གཅིག་སུམ་བརྒྱ་གོ་དགུ ཁྲིམས་ལྟར་ཐོ་འགོད་བྱས་པའི་དགོན་སྡེ་ཉིས་བརྒྱ་བཅུ་གཉིས་བཅས་ཀྱི་གཞུང་ལམ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། དེའི་ནང་རྫོང་བརྒྱད་དང་ཞང་གྲོང་ང་བདུན་ལ་སྣུམ་ལམ་བཏིངས་པ་དང་། གཞུམ་ལམ་སྟེང་རླངས་འཁོར་ཤར་གཏོང་བྱེད་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས། སྲིད་འཛིན་གྲོང་ཚོ་ཉིས་བརྒྱ་དང་བཅུ་གསུམ་ལ་སྣུམ་ལམ་བཏིངས་པ་དང་། རླངས་འཁོར་ཤར་གཏོང་བྱེད་ཚད་བརྒྱ་ཆའི་གྱ་ལྔར་བསླེབས་ཤིང་། གཞུང་ལམ་སྟེང་རླངས་འཁོར་ཤར་རྒྱུག་བྱེད་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོ་ཟིན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།