ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་རྒྱལ་གྱི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཡིན་པའི་དྲོད་མཁོ་འདོན་ལས་གཞི་སྤྱི་ཚེས10ཉིན་མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་དུ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། ལས་གཞི་དེ་སྐྲུན་ཟིན་རྗེས་དེ་གའི་མང་ཚོགས་ཀྱི་དྲོད་ལེན་དཀའ་གནད་སེལ་ཐུབ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མངའ་རིས་ས་ཁུལ་གྱི་དྲོད་མཁོ་འདོན་ལས་གཞིར་ཁྱོན་མ་དངུལ་སྒོར་དུང་ཕྱུར14ལྷག་བཏང་བ་དང་། དུས་ཡུན་ལོ་གཉིས་ནང་ལས་གཞི་ལེགས་གྲུབ་ཟིན་རྒྱུ་ཡིན་པ་མ་ཟད་སླད་ཕྱིན་སེང་གེ་ཁ་འབབ་གྲོང་རྡལ་གྱི་གྲོང་མི25000གཅིག་བསྡུས་དྲོད་མཁོ་འདོན་བྱེད་ཁོངས་སུ་འཇུག་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དྲོད་མཁོ་འདོན་ལས་གཞི་ལག་བསྟར་བྱེད་པ་དང་བསྟུན་ནས། མངའ་རིས་ཀྱིས་ཁྲོ་ཐབ་ཆུང་གྲས 150མེད་པ་བཟོ་རྒྱུ་ཡིན་པས་ལོ་ལྟར་རྡོ་སོལ་ཀྲོན31600གྲོན་ཆུང་ཐུབ་རྒྱུ་དང་། དུ་ཞག་དང་ས་རྡུལ་ཕྱིར་འབུད་ཚད་ཀྲོན103ཉུང་དུ་འགྲོ་རྒྱུ། དབྱང་གཉིས་ཐན་འགྱུར་ཕྱིར་འབུད་ཚད་ཀྲོན92000ཉུང་དུ་འགྲོ་རྒྱུ། ཐལ་སྙིགས་ཕྱིར་འབུད་བྱེད་ཚད་ཀྲོན2000ལྷག་ཙམ་ཉུང་དུ་འགྲོ་རྒྱུ་བཅས་ཡིན། ལས་གཞི་དེས་གཅིག་བསྡུས་ཐོག་དྲོད་མཁོ་འདོན་ཐུབ་རྒྱུ་མ་ཟད་མངའ་རིས་ཀྱི་དྭངས་གཙང་ཁོར་ཡུག་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།