1.jpg

ཟླ9བའི་ཚེས9ཉིན་གྱི་སྔ་དྲོར། ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ་ལེགས་འགྲུབ་བྱུང་བའི་དུམ་བུར་རླངས་འཁོར་ཤར་གཏོང་བྱེད་པའི་མཛད་སྒོ་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་གཞུང་ལམ་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས9ཉིན། ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ་ལེགས་འགྲུབ་བྱུང་བའི་དུམ་བུར་རླངས་འཁོར་ཤར་གཏོང་བྱེད་པའི་མཛད་སྒོ་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་གཞུང་ལམ་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའམ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། སྐབས་བཅུ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་རག་སྡིས། རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཆོན་གོ རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་ཡུན་ཅའེ་བཅས་ཀྱིས་མཉམ་དུ་གཞུང་ལམ་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས་ཤིང་། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་སྐོར་ཞིག་ཀྱང་མཛད་སྒོར་ཞུགས། རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུའི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་གིས་མཛད་སྒོར་མགོ་འཛིན་མཛད་པ་དང་། རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཏིའོ་གོ་ཞིན། ཆེས་དགྲ་ལྷ། ཝང་རུའེ་ལེན་བཅས་བ་མཛད་སྒོར་ཞུགས།

ཁྲིན་ཆོན་གོ་ཡིས་བསྟན་དོན། ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ་ནི་བོད་ལྗོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལོ་རྒྱུས་སྟེང་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་། ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱི་མཛུབ་སྟོན་ལྟར། དམངས་སེམས་བཟོ་སྐྲུན་གལ་ཆེན་འདི་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་གང་ལེགས་བྱེད་དགོས་པ་མ་ཟད། གཞུང་ལམ་དེ་ནི་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་འབྱོར་ཕྱུག་གཞུང་ལམ་དང་། མཐུན་སྒྲིལ་གཞུང་ལམ། འཆམ་མཐུན་གཞུང་ལམ། བདེ་སྐྱིད་གཞུང་ལམ་བཅས་སུ་གཏོང་བའི་སྒུལ་ཤུགས་ལ་བརྟེན་ནས། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་རྣམ་པ་གསར་བ་བཏོད་དེ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་ལ་དྲིན་ལན་འཇལ་དགོས་ཟེར།

ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ་ནི་བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་མཆོང་བརྒལ་ངང་འཕེལ་རྒྱས་བྱུང་བའི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་ཡིན་ལ། གཞུང་ལམ་དེ་ཉིང་ཁྲི་གྲོང་ཁྱེར་གྱི་སྤྲིན་པ་གྲོང་ཚོ་ནས་འགོ་བརྩམས་ཏེ། ལྷ་ས་གྲོང་ཁྱེར་གྱི་སྣེའུ་གསར་སྤེལ་ཁུལ་བསླེབས་ཡོད་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ409.2ཡོད། ཕྱོགས་གཉིས་ལ་རླངས་འཁོར་གྱི་ལམ་བཞི་རེ་ཡོད། ཚེས9ཉིན་རླངས་འཁོར་གཏོང་འགོ་བརྩམས་པའི་མཚམས་ནི་ལྷ་ས་ནས་མལ་གྲོ་གོང་དཀར་རྫོང་དང་ཀོང་པོ་རྒྱ་མདའ་རྫོང་ནས་བརྒྱད་གཅིག་གྲོང་རྡལ་བར་གྱི་གཞུང་ལམ་ཡིན། ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ་ཡོངས་སུ་ལེགས་འགྲུབ་འབྱུང་རྗེས། ལྷ་ས་ནས་ཉིང་ཁྲི་བར་དུ་བསྐྱོད་པའི་ལམ་ཐག་ཇེ་ཐུང་དུ་གྱུར་ངེས་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།