ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་སློབ་གསོ་ཐིན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། ལོ50ཡི་རིང་ལ་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར858ལྷག་བཏང་ཡོད་ཅིང་། 2013ལོ་དང2014ལོ་ཁོ་ནར་སློབ་གསོ་ཕྱོགས་ཀྱི་ནོར་སྲིད་དངུལ་གཏོང་སོ་སོ་ནས་སྒོར་དུང་ཕྱུར118ལྷག་དང་སྒོར་དུང་ཕྱུར135ལྷག་ལ་བསླེབས་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་ལ། བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་སློབ་གསོ་སྡེ་ཁག་གིས་རོང་འབྲོག་ཁུལ་གྱི་སློབ་མ“སློབ་གྲྭ་ལེགས་པོར་ཞུགས་ཐུབ་པར”རོགས་རམ་བྱེད་པ་དང་ཆབས་ཅིག གྲོང་རྡལ་གྱི་བྱིས་པ“བྱིས་གཉོར་ཁང་དུ་ཞུགས་དཀའ་བའི”གནད་དོན་ཐག་བཅད་དེ། 2013ལོར་ཁོ་ནར། བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར3.97བཏང་སྟེ་བྱིས་གཉོར་ཁང275གསར་བསྐྲུན་བྱས་ཏེ། བྱིས་གཉོར་ཁང1བསྒྱུར་བཀོད་དང་རྒྱ་བསྐྱེད་ནས། གསར་བསྐྲུན་བྱས་པའི་བྱིས་གཉོར་ཁང་གི་ཁང་བའི་གཞི་ཁྱོན་མུའུ་གྲུ་བཞི་མ་ཁྲི14.6ལ་བསླེབས་ཡོད། 2014ལོར། བོད་ལྗོངས་ཀྱིས་བྱིས་གཉོར་ཁང109གསར་སྣོན་བྱས་ཤིང་། འོས་འགན་སློབ་གསོའི་ཤུགས་ཞན་པའི་སློབ་གྲྭ350བསྒྱུར་བཀོད་དང་རྒྱ་བསྐྱེད་དེ། སློབ་ཞུགས་སྔོན་གྱི་སློབ་གསོའི་སློབ་མ་སློབ་གྲྭར་ཞུགས་ཚད59.11%ལ་བསླེབས་ཡོད། 2015ལོར། བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་སློབ་ཞུགས་སྔོན་གྱི་སྐད་གཉིས་བྱིས་གཉོར་ཁང་དང་གྲོང་རྡལ་གྱི་བྱིས་གཉོར་ཁང237གསར་བསྐྲུན་དང་བསྒྱུར་བཀོད་བྱེད་རྩིས་ཡོད།

དེ་དང་མཉམ་དུ་བོད་ལྗོངས་ཀྱི་སློབ་གསོ་དམངས་ཕན་བཟོ་སྐྲུན་རོང་འབྲོག་ཁུལ་དུ་རྒྱུན་སྲིང་ནས། སློབ་གསོ་དྲང་སྙོམས་བྱ་བར་སྐུལ་འདེད་བཏང་། 2014ལོར་བོད་ལྗོངས་ཀྱིས་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར135ཙམ་བཏང་ཡོད་ཅིང་། དེའི་ཁྲོད་སློབ་གསོའི་ཐོན་ཁུངས་ཕུལ་བྱུང་རོང་འབྲོག་ཁུལ་དང་། ཐག་རིང་། མཐའ་མཚམས་ས་ཁུལ་དུ་ཁ་ཕྱོགས་པའི་ལམ་ལུགས་བཙུགས་ཏེ། ཐག་རིང་མཐའ་མཚམས་རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་གི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར32.56དངོས་འབེབས་བྱས་ནས། ལོ་འཁོར་གྱི་སློབ་གསོའི་གཞི་རྩའི་འཛུགས་སྐྲུན་མ་དངུལ་གྱི88%ཟིན། བྱིས་གཉོར་ཁང་གི་འཛུགས་སྐྲུན་ཁོ་ནར། བོད་ལྗོངས་ཀྱིས་རྣམ་གྲངས303འཛུགས་སྐྲུན་བྱེད་རྒྱུའི་ལས་འགན་སྤྲད་པ་རེད།

བོད་ལྗོངས་སློབ་གསོ་ཐིན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། 2014ལོའི་ལོ་མཇུག་བར་དུ། བོད་ལྗོངས་ཀྱི་སློབ་ཆུང་སློབ་མ་སློབ་གྲྭར་ཞུགས་ཚད99.64%ལ་བསླེབས་པ་དང་། སློབ་འབྲིང་སློབ་མ་སློབ་གྲྭར་ཞུགས་ཚད98.91%ལ་བསླེབས། མཐོ་འབྲིང་སྐབས་ཀྱི་སློབ་མ་སློབ་གྲྭར་ཞུགས་ཚད73.37%བསླེབས་ཡོད་ཅིང་། མཐོ་རིམ་སློབ་གྲྭའི་སློབ་མ་སློབ་གྲྭར་ཞུགས་ཚད27.76%ལ་བསླེབས་ཡོད། རིམ་པ་སོ་སོ་དང་སློབ་གྲྭ་རིགས་སོ་སོའི་སློབ་གྲྭ་རུ་ཡོད་པའི་སློབ་མ་མི608506ཡོད། ལྗོངས་ཡོངས་སུ་ཡིག་རྨོངས་སེལ་བའི་མི་གྲངས་བསྡོམས་པས་ཁྲི181.5ཟིན་པ་དང་། གཞོན་ནུ་དང་དར་མའི་ཡིག་རྨོངས་བའི་མི་གྲངས0.57%བར་ཇེ་ཉུང་དུ་གྱུར་ནས། མི་རེའི་ཆ་སྙོམས་སུ་སློབ་གསོ་མྱོང་བའི་ལོ་ཡུན་ལོ8.6ལ་བསླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།