ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་རྣམ་པ་བཟང་པོ་ཡོད་པ་སྟེ། སྤྱི་ལོ2014ལོར། ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུ་ཕྱིར་འཚོང་བྱེད་ཚད་དེ་སྤྱི་ལོ2013ལོའི་ལྡབ་གཉིས་ཡན་ཟིན་ནས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར8.3ཟིན་ཡོད་པ་རེད།

 ད་ཆ་ལྗོངས་ཡོངས་སུ་ཐོན་སྐྱེད་ཀྱི་ཆོག་འཐུས་ལག་འཁྱེར་ཡོད་པའི་རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས28ཡོད་པ་དང་ཐོན་སྐྱེད་འཁོར་ཁང30ལྷག་སྐྲུན་ནས་ཇུས་བཀོད་བྱས་པའི་ཐོན་སྐྱེད་ནུས་ཤུགས་ཀྲོན་ཁྲི་ཚོ300ལས་བརྒལ་ཡོད་པས། བོད་དབུས་རྒྱུད་ཀྱིས་ལྟེ་བ་བྱེད་པ་དང་བོད་དབུས་རྒྱུད་དང་བོད་ཤར་ལྷོ། བོད་ནུབ་བྱང་བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རང་བྱུང་འཐུང་ཆུའི་ཐོན་ལས་དེ་ཉིད་རང་ལྗོངས་ཀྱི་ཀ་རྟེན་ཐོན་ལས་སུ་སྐྱེ་སྲིང་བྱས་ནས་གཞི་ཁྱོན་ཆེ་བ་དང་སྤུས་ཚད་ལེགས་པ། སྣེ་ཁ་མང་བ། ཕན་འབྲས་ཆེ་བ། རྒྱུན་སྲིང་གོང་འཕེལ་འགྲོ་བ་བཅས་ཀྱི་ཐོན་ལས་རྣམ་པ་ཞིག་ཆགས་པ་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་ཆེད་མངགས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་གཅིག་འགྱུར་འཆར་འགོད་དང་ཕྱོགས་བསྡུས་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལས་ཀར་སྐུལ་སྤེལ་བརྟན་པོ་བཏང་བ་དང་ཆབས་ཅིག་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར་ཞེས་པ་སོགས་འཐུང་ཆུའི་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། སྒོར་དུང་ཕྱུར2.5ཟིན་པའི་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་ཐེབས་རྩ་བཙུགས་ཏེ་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་ཐད་སྤྱི་ཚོགས་ཀྱི་མ་རྩ་འདོན་རྒྱུར་ཁྲིད་སྟོན་དང་སྐུལ་སློང་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།