ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་མི་རིགས་ཁག་གི་ཏང་ཡོན་དང་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ནས་ཚང་མས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཁོང་ཡངས། ཕན་ཚུན་བརྩི་མཐོང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རེས་བཅས་བྱས་ཏེ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་སེ་འབྲུ་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་དེ་བས་ལེགས་པའི་སྒོ་ནས་འཛུགས་སྐྲུན་བྱེད་ཀྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

རང་རྒྱལ་ནི་མི་རིགས་མང་བའི་ཁྱིམ་ཚང་ཆེ་མོ་ཞིག་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་མི་རིགས་56གི་ཐུན་མོང་ཕུགས་འདུན་ཡིན་ལ། མི་རིགས་56གི་འདུན་པ་ཆེ་ཤོས་ཀྱང་ཡིན། ལོ་རེར་ཐེངས་རེ་འཚོག་པའི་མི་རིགས་མཐུན་སྒྲིལ་གྱི་གཟེངས་བསྟོད་ཚོགས་ཆེན་གྱིས་ཚང་མར་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་དེ་དག་གི་མི་སེམས་འགུལ་བའི་མཛད་རྗེས་རེ་རེ་ཤེས་རྟོགས་བྱེད་དུ་བཅུག་ཡོད། དེ་ལས་ལྷག་པའི་ཐོག་ནས་མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་ཁག་ལ་དགའ་ཞེན་བྱེད་པའི་སེམས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་འདུ་ཤེས་བརྟན་པོ་མཚོན་པ་དང་། སྐྱེ་བོ་ཀུན་གྱིས་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་བྱེད་པ་དང་མི་རིགས་མཐུན་སྒྲིལ་བྱུང་ཚེ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཐུབ་པའི་ལྟ་བ་བརྟན་པོ་བཙུགས་ཡོད། ནག་ཆུ་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་འགན་འཁུར་བས་གསར་འགོད་པར“མི་རིགས་ཁག་གི་མཐུན་སྒྲིལ་ནི་སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ཐམས་ཅད་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། སླད་ཕྱིན་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་13དང་འདྲ་བའི་མི་སྣ་དེ་བས་མང་བ་ཐོན་རྒྱུའི་རེ་བ་ཡོད”ཅེས་བཤད་བྱུང་།

ནག་ཆུར་ཚོང་རྒྱག་བཞིན་པའི་ཧུའེ་རིགས་ཚོང་པ་ཞིག་གིས“ནག་ཆུར་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས་སོགས་ཡོད། ང་ཚོ་ཚང་མ་མི་རིགས་གཅིག་མིན་ཡང་ཚང་མ་ཀྲུང་གོ་བ་གཅིག་པ་རེད། ཚང་མ་ཁྱིམ་ཚང་ཆེན་པོའི་ནང་འཆམ་མཐུན་མཉམ་གནས་དང་ཕན་ཚུན་གྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ཏེ་ཕ་ཡུལ་བྲལ་ནས་གཞན་ཡུལ་དུ་ཆགས་པའི་ང་ཚོའང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། མི་རིགས་ཁག་མཐུན་སྒྲིལ་མཛའ་མཐུན་ཡོད་པས་གཞན་དུ་ཆགས་པའི་ང་ཚོའི་སེམས་པ་དྲོ་སྐྱིད་དང་བདེ་སྐྱིད་ཀྱིས་ཁེངས་སོང”ཞེས་བཤད་པ་རེད།

ཟླ་10ཚེས་2ཉིན་ཉིང་ཁྲི་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚོགས་འདུའི་ཐོག་ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཤའོ་ཕུང་གིས“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཉིང་ཁྲིའི་དུས་སྐབས་གསར་པའི་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཉིང་ཁྲི་ནི་མི་རིགས་མང་པོ་འདུས་སྡོད་ཁུལ་དང་མཐའ་མཚམས་མི་རིགས་ས་ཁུལ་རེད། ཉིང་ཁྲིའི་མཐུན་སྒྲིལ་བརྟན་ལྷིང་དེ་ཉིང་ཁྲིས་སྔོན་དུ་འབྱོར་འབྲིང་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱེད་ཐུབ་མིན་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་དེ་བས་འབྲེལ་བ་ཡོད་པས་ང་ཚོས་ཉིང་ཁྲིའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་འབྲེལ་གཏུག་དང་། སྤེལ་རེས། འབྲེལ་འདྲེས་བཅས་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཉིང་ཁྲིའི་མི་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཉིང་ཁྲིའི་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ལ། རང་དཔེ་གཞན་སྟོན་གྱིས་ནུས་ཤུགས་ཡོད་རྒུ་འདོན་རྒྱུའང་ཡིན”ཞེས་བཤད་པ་རེད།

གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་ཡིན་པའི་བསམ་གྲུབ་རྩེ་ཆུས་ནི་སྔར་ནས་མི་རིགས་མང་པོའི་འདུས་གནས་ཡིན་ཞིང་། 2014ལོ་ནས་བཟུང་བསམ་གྲུབ་རྩེ་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོའི་ཆེད་དོན་འགྲོ་གྲོན་དེ་དེ་སྔའི་མི་རེར་ཆ་སྙོམས་སྒོར་1ནས་ད་ལྟའི་མི་རེར་ཆ་སྙོམས་སྒོར་2.5བར་མཐོ་རུ་བཏང་བ་དང་དེ་སྔའི་ལོ་རེར་སྒོར་ཁྲི་11ནས་ད་ཆའི་ལོ་རེའི་སྒོར་ཁྲི་30བར་མཐོ་རུ་བཏང་ཡོད། དུས་མཚུངས་མི་རིགས་མཐུན་སྒྲིལ་གྱི“བདུན་སྐྱོད”བྱེད་སྒོ་གཞི་རྟེན་དུ་བྱེད་པ་དང“གཅིག་དྲུག”བྱེད་སྒོ་ནང་དོན་དུ་བརྩི་བའི་གནས་འཁེལ་སྒྲོག་འགྲེལ་དང་། འཕྲིན་ཐུང་བསྐུར་བ། འཕྲེད་ཡིག་བཀལ་བ་བཅས་ཀྱི་བྱེད་སྟངས་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་དེ་བཞིན་གཏོད་འདེམས་བྱེད་སྒོའི་ལམ་སྲོལ་བཏོད་ཡོད་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་། མི་རིགས་མི་འདྲ་བ་ཁྱིམ་ཐབ་ཟིན་པའི་སྐུལ་ལྕག་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་བ། ཞི་མཐུན་གྱི་མི་རིགས་སྣ་མང་འབྲེལ་བ་གསར་པར་སྔར་བས་ཤུགས་སྣོན་ཐེབས་པ་བཅས་བྱུང་ནས་མི་རིགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།