ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་66འཁོར་བའི་སྔ་སྣུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རང་ལྗོངས་ཀྱི་འཐུས་མི་5ཚུད་པའི་རྒྱལ་ཡོངས་ཀྱི་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་13ལ་་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཉིན་ཤས་རིང་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བདག་སྐྱོང་ཡག་པོ་བྱས་ཏེ་ས་མཐོའི་ས་གཞི་ཆེན་པོར་རབ་ཏུ་བཞད་ཐུབ་པ་བྱ་རྒྱུ་དང་། མི་རིགས་ཁག་གི་སྤུན་ཟླ་ཚོ་ལྟ་རྟོག་རོགས་རེས་དང་། སེམས་ཤུགས་གཅིག་སྒྲིལ། བློ་སེམས་གཅིག་མཐུན། བློ་ཁ་གཅིག་མཐུན། བྱ་སྤྱོད་གཅིག་མཐུན་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

ཚེས་5ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གྱིས་ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག་མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་ཡར་ཐོན་གྱི་རྨང་རྡོ་རེད། ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་རིགས་ས་ཁུལ་དུ་ཐེངས་མང་བསྐྱོད་པ་དང་མི་རིགས་མཐུན་སྒྲིལ་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ལྷག་པར་དུ་ད་ཐེངས་ཀྱི་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དེ་སྤྱི་ཡོངས་ལ་གཞི་ཚུགས་པ་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། གཟིགས་རྒྱང་རིང་པོ་གནང་བ། གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་བ་སོགས་གསུང་ཚིག་ཚང་མ་གནད་ལ་འཁེལ་བ་ཞིག་ཡོད། གསུང་བཤད་གལ་ཆེན་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། སྤྱི་ཁྱབ་ཧྲུའུ་ཅིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་དང་དམིགས་བསལ་གཟིགས་སྐྱོང་གནང་ལུགས། ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་ཆེན་པོ་དང་། འབད་འཐབ་ཆེན་པོ། བློ་སེམས་གཅིག་མཐུན་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱ་རྒྱུའི་རེ་བ་ཆེན་པོ་གནང་ལུགས་བཅས་གང་ལེགས་མཚོན་ཡོད། དེས་ང་ཚོར“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར”བརྩི་སྲུང་བྱེད་ས་ཞིག་བསྟན་གནང་བ་དང་སྒུལ་ཤུགས་ཆེན་པོ་ཞིག་བསྣན་གནང་ཡོད་ཅེས་བསྟན་པ་རེད།

ཚོགས་འདུའི་ཐོག་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་ནི་རང་རེའི་ཏང་གི་བློས་འགེལ་ཆོག་པའི་གྲོགས་པོ་ཡིན་ལ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཐུགས་ཁུར་གཟབ་བཞེས་སྒུལ་ཤུགས་སུ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་གལ་འགངས་ཆེ་བའི་ངོས་འཛིན་ཟབ་ཏུ་གཏོང་དགོས། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་བྱས་པ་རེད།

དིང་རི་རྫོང་གིས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། དིང་རི་རྫོང་གི་རྫོང་དཔོན་ཝང་ཁུན་གྱིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་འབྲེལ་དེ་གོ་སྐབས་སུ་བརྩིས་ནས་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དིང་རི་རྫོང་གི་ཏང་ཡོན་ལས་བྱེད་པས་གཟི་བརྗིད་ལ་གཅེས་འཛིན་དང་། ཡང་འབད་བསྐྱར་འབད། ང་རྒྱལ་དང་འཚབ་འཚུབ་སྤོང་བ་བཅས་བྱས་ཏེ་དིང་རི་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས”ཞེས་བཤད་པ་རེད།

ཉིན་ཤས་རིང་མི་རིགས་མཐུན་སྒྲིལ་དེ་བོད་བྱང་ཐང་མི་རིགས་ཁག་གི་མི་དམངས་ཀྱིས་དོ་སྣང་དང་གླེང་མང་བའི་གླེང་གཞིར་གྱུར་ཡོད། ནག་ཆུའི་ཁྲོམ་གཞུང་དུ་གསར་འགོད་པས་བཅར་འདྲི་བྱེད་སྐབས་བོད་རིགས་འབྲོག་པ་ཨ་པོ་དང་། དབྱི་སི་ལམ་ཟ་ཁང་ནང་གི་མ་མིང(ཧུའེ་རིགས) རྒྱ་རིགས་ལས་བྱེད་པ་ཆིང་ཞ་སོགས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད། དེ་རྗེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་ལྗོངས་ཀྱི་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ལྔ་པོར་མཇལ་འཕྲད་གནང་བ་རེད། དེའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རང་ལྗོངས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་བྱམས་སྐྱོང་གནང་ལུགས་དང་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད། དེས་ང་ཚོ་མི་རིགས་ཁག་གི་སྤུན་ཟླར་དྲོ་སྐྱིད་ལྡབ་ཚོར་དང་ལྕག་སྐུལ་ཚད་མེད་ཐེབས་བྱུང་། ང་ཚོས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་པ་ལྟར་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པའི་སྐུལ་མ་ཐེབས་བྱུང་། ང་ཚོ་མི་རིགས་ཁག་གི་སྤུན་ཟླ་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ལ་ང་ཚོའི་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་སོ་སོའི་སེམས་གཏིང་གི་སྐད་ཆ་བཤད་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།