ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་བོད་སྨན་ཐོན་ལས་ཀྱི་མ་ལག་ཕལ་ཆེར་གྲུབ་ཡོད་ཅིང་། ལོ་རེའི་ཐོན་སྐྱེད་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར8ལྷག་ལ་བསླེབས་ཡོད་དེ། ལོ་ངོ་སྟོང་ཕྲག་ཡན་གྱི་ལོ་རྒྱུས་ལྡན་པའི་བོད་སྨན་རིམ་བཞིན་གངས་ལྗོངས་ལས་རྒྱ་བསྐྱེད་དེ་ནང་སའི་ཚོང་ར་གསར་འབྱེད་བྱེད་བཞིན་ཡོད།

བོད་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཕུར་བུ་སྒྲོལ་མས་གསར་འགོད་པར་བཤད་རྒྱུར། བོད་ལྗོངས་ཀྱི་བོད་སྨན་ཐོན་སྐྱེད་དེ་ལག་ཤེས་ལས་སྣོན་ཁང་ནས་བཟོ་ལས་ཅན་གྱི་ཐོན་སྐྱེད་དུ་རིམ་བཞིན་འཕེལ་རྒྱས་བྱུང་ནས་སྟོབས་ཆེན་དུ་གྱུར་བཞིན་ཡོད་དེ། བོད་སྨན་ཐོན་ལས་ཀྱི་མ་ལག་ཕལ་ཆེར་གྲུབ་ཡོད་ཅིང་། མིག་སྔར་བོད་ལྗོངས་ཡོངས་སུ་བོད་སྨན་ཐོན་སྐྱེད་ཁེ་ལས18ཡོད་པ་དང་། སོ་སོ་ནས་རྒྱལ་ཁབ་ཀྱིGMPཡི་ངོས་འཛིན་ཐོབ་ཡོད་ལ། བོད་སྨན་ཀྱི་ལོ་རེའི་ཐོན་སྐྱེད་ཐོན་རྫས་རིན་ཐང་སྒོར་དུང་ཕྱུ8ལྷག་ལ་བསླེབས་ཡོད་ཟེར།

རྒྱུས་ལོན་ལྟར་ན། བོད་ཀྱི་གསོ་རིག་ནི་མིག་སྔར་ཀྲུང་གོ་ནས་ཉེར་ཚགས་ཆེས་ཆ་ཚང་ཡིན་པ་དང་། ཆེས་མིང་དུ་གྲགས་པའི་མི་རིགས་གསོ་རིག་ཅིག་ཡིན། མིག་སྔར། བོད་ཀྱི་གསོ་རིག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སུ་སྙན་ཞུ་ཕུལ་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།