སློབ་ཆུང་སློབ་མས་ཡིག་གཟུགས་བརྩམས་ཆོས་ལ་གཟབ་ནན་ངང་ལྟ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་སོགས་ཀྱི་ཚན་པས་གཙོ་གཉེར་གནང་བའི་ལྷ་ས་གྲོང་ཁྱེར་ཡིག་གཟུགས་བརྐོ་འབྲིའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཐོག་མ་དེ་སྤྱི་ཚེས9ཉིན་བོད་རང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགོ་ཚུགས་པ་དང་འགྲེམས་སྟོན་དུས་ཚོད་ཟླ་འདིའི་སྤྱི་ཚེས15བར་བྱེད་རྒྱུ་ཡིན། ད་ཐེངས་ཀྱི་འགྲེམས་སྟོན་དེ་གཉེར་དོན་ནི་རིག་རྩལ་གསར་རྩོམ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ནས། ལྷ་སའི་གཞི་རིམ་གྱི་ཕུལ་བྱུང་ཡིག་གཟུགས་འབྲི་མཁན་འཚོལ་བརྙེད་དང་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཁོ་ཚོའི་སྙིང་སྟོབས་མངོན་ཐུབ་པ་བྱེད་རྒྱུ་དེ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ནང་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ཁག་ནས་ཡོང་བའི་ཡིག་གཟུགས་འབྲི་རྒྱུར་དགའ་པོ་ཡོད་མཁན་དང་། དེ་བཞིན་གཞི་རིམ་ཚན་པ་ཁག་གི་ལས་བྱེད་ལས་བཟོའི་ཁྲོད་གསར་རྩོམ་ནུས་པ་ཆེ་ཙམ་ལྡན་པའི་བོད་རྒྱ་ཡིག་གཟུགས་འབྲི་མཁན་དང་པར་བརྐོས་པ་སོགས་ཀྱི་སྒྱུ་རྩལ་བརྩམས་ཆོས116འགྲེམས་སྟོན་བྱས་ཡོད། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡན་ཧུང་ནས། ད་ཐེངས་འགྲེམས་སྟོན་གྱི་བརྩམས་ཆོས་ཁག་ལ་སྒྱུ་རྩལ་གྱི་ཉམས་མདངས་ཁྱད་དུ་འཕགས་པ་དང་འབྲི་སྟངས་རྩལ་ནུས་རྩེར་སོན་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་ཀྱང་འདྲ་མིན་སྣ་ཚོགས་ཅུང་ཆ་ཚང་བར་མངོན་རྒྱུ་ཡོད་པས་ལྷ་སའི་དེང་སྐབས་ཡིག་གཟུགས་གསར་རྩོམ་གྱི་སྤྱི་ཡོངས་ཆུ་ཚད་བསྡུས་རིས་ཤིག་ཡིན་ཅེས་བཤད་ཆོག་གི་ཡོད་ཅེས་ངོ་སྤྲོད་གནང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲེམས་སྟོན་གྱི་བརྩམས་ཆོས་གནད་བསྡུས་རྩོམ་སྒྲིག་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས་སྔོན་དཔག་ལྟར་ན་སྤྱི་ཟླ12པའི་ནང་དངོས་སུ་དཔེ་སྐྲུན་ཐུབ་བཟོ་ཡོད།  །

གྲོང་མིས་འགྲེམས་སྟོན་གྱི་བརྩམས་ཆོས་ལ་ལྟ་བཞིན་པ།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།