ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མངའ་རིས་ས་ཁུལ་གྱི་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉོ་ཚོང་སྟེགས་བུ་བསྐྲུན་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་ནས། མཁར་གྲོང་གི་མང་ཚོགས་རྣམས་ཀྱིས་དགུན་དཔྱིད་དུས་ཚིགས་དང་དུས་ཆེན་གསུམ་སྐབས་ཀྱི་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱེད་པར་སྟབས་བདེ་བསྐྲུན་པ་དང་། ཞིང་ཕྱུགས་ལས་བྱ་བར་ཕན་འབྲས་ཐོབ་ནས། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་ཆེད། ཟླ་འདིའི་ཚེས25ཉིན་ནས་ཚེས29ཉིན་བར་དུ། མངའ་རིས་ས་ཁུལ་གྱིས་སྐབས་དང་པོའི་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ཚོགས་འདུ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མངའ་རིས་ས་ཁུལ་གྱི་སྐབས་དང་པོའི་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ཚོགས་འདུ་དེ་མངའ་རིས་ས་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། མངའ་རིས་ས་ཁུལ་ཚོང་དོན་ཅུའུ་དང་། ཞིང་ཕྱུགས་ཅུའུ། རྫོང7གྱི་མི་དམངས་སྲིད་གཞུང་གིས་འགན་འཁུར་ནས་སྒྲུབ་རོགས་བྱས་པ་ཡིན། ཉོ་ཚོང་ཚོགས་འདུ་དེ་སྒར་རྫོང་གི་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ཚོང་ར་རུ་སྤེལ་རྒྱུ་ཡིན་ཞིང་། སྐབས་དེར། རྫོང་སོ་སོའི་ནོར་ཤ་དང་ལུག་ཤ་གསར་བ། མར་དང་འོ་ལས་ཐོན་རྫས། རྩིད་དང་བལ། ཁུལ། ཀོ་བ་སོགས་ཀྱི་ཐོན་རྫས་དང་། རྩམ་པ། ཟ་སྣུམ། སིལ་ཏོག་དང་སྔོ་ཚལ་སོགས་ཀྱི་ཐོན་རྫས་རྩ་འཛུགས་བྱས་ཏེ་བཀྲམ་འཚོང་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།