ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡོང་འབབ་སྒོར་དུང་ཕྱུར11འཕར་སྣོན་བྱུང་བ། འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། 2012ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་སྔ་བར་ཕྱི་གསུམ་དུ་ཞིང་འབྲོག་པའི་ལས་ཞུགས་ལས་གཏོད་དེ་ལས་ཀའི་གཙོ་གནད་དུ་བྱས་ནས་སྲིད་ཇུས་ཡར་སྐུལ་དང་གསོ་སྦྱོང་སྐུལ་འདེད་ཟུང་འབྲེལ་མཐའ་འཁྱོངས་དང་། ལས་ཞུགས་སྲིད་ཇུས་དོན་འཁྱོལ་ཧུར་ཐག ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་ལེགས་སུ་དང་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་རིམ་རྩིས་བྱས་ན་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི26.2ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར11.01བྱུང་ཡོད།

དགེ་མཚན་ལྡན་པའི་ལས་ཞུགས་བྱེད་ཐབས་ལག་ལེན་བསྟར་བ། 2012ལོ་ཚུན་དུ་ལོ་ལྟར་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་དང་། མཐོ་སློབ་སློབ་ཐོན་སློབ་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཞུགས། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཇུས་གཞི་བཟོས་ཡོད། ཁེ་ལས་ཁག་གིས་ལས་མི10ཡན་སྤྱོད་སྐབས། ལས་མི་སྤྱོད་པའི་བསྡོམས་འབོར་གྱི30%ཡན་ས་གནས་དེ་གའི་མི་ལས་ཀར་བཅུག་དགོས་པ་དང་། ཞིང་འབྲོག་པའི་ཨར་ལས་རུ་ཁག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། སྒོར་ཁྲི50མན་དང་ལག་རྩལ་འདུས་ཚད་མཐོ་པོ་མིན་པའི་རྒྱལ་ཁབ་ཀྱི་མ་དངུལ་བཏང་བའི་རྣམ་གྲངས་ཚང་མ་ནུས་བབ་ཡོད་པའི་ས་གནས་དེ་གའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་ལ་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་སུ་ཁྱོན་ཞིང་འབྲོག་པའི་ཨར་ལས་རུ་ཁག273བཙུགས་པས་ཡུལ་དེ་གའི་ཞིང་འབྲོག་པ3562ལས་ཞུགས་བརྟན་པོ་བྱུང་བ་དང་སྒོར་ཁྲི50མན་གྱི་རྣམ་གྲངས373འགན་གཙང་བླངས་ཏེ་ཡུལ་དེ་གའི་མང་ཚོགས་མི་ཐེངས་ཁྲི1.7ལྷག་ཙམ་ལས་ཞུགས་གཞན་སྒྱུར་ཐུབ་ཡོད།

 ལས་ཞུགས་རྩལ་ནུས་གསོ་སྦྱོང་ལ་དམ་འཛིན་ནན་པོ་བྱས་པ། ཞིང་འབྲོག་པའི་ཁྲོམ་རའི་འདུ་ཤེས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ཞན་པ། ལས་ཞུགས་ལྟ་བ་དམན་པ། ལས་ཞུགས་རྩལ་ནུས་ཞན་པ་སོགས་ཀྱི་དོན་དངོས་ལ་དམིགས་ནས། ཞིང་འབྲོག་པར“ལག་རྩལ་གཙོར་བཟུང་དང་དམག་སྦྱོང་རམ་འདེགས་སུ་བྱེད་པའི”དམག་དཔུང་རྣམ་པའི་གསོ་སྦྱོང་བྱས་ནས། ལས་ཞུགས་རྩལ་ནུས་དང་ལས་ཞུགས་བྱང་ཚད་ཕྱོགས་གཉིས་ཀར་དམ་འཛིན་དང་གོང་མཐོར་འགྲོ་བ་བྱས་ཡོད། ཞིང་འབྲོག་པ་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་ལ་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། ལས་རིགས20ལྷག་ཙམ་གྱི་ལས་རིགས་རྩལ་ནུས་དང་རྣམ་གྲངས8ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་བྱས་པ་དང་དུས་མཚུངས། ཞིང་འབྲོག་པའི་ཕྱུག་འགྱུར་སྣེ་ཁྲིད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཉེ་འཁོར་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་དང་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། ལོ་གསུམ་རིང་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ལས་ཞུགས་གཞན་འགྱུར་གྱི་དམག་དཔུང་རྣམ་པའི་གསོ་སྦྱོང་ཐེངས424བྱས་པར། མི37934ཞུགས་པ་དང་གསོ་སྦྱོང་བྱས་རྗེས། མི་ཐེངས་ཁྲི1.48ལས་ཞུགས་གཞན་སྒྱུར་ཐུབ་ཡོད།

ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བ། ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“ཁྱད་ཆོས་མངོན་གསལ་དོད་པ་དང་། འབྲོག་ལས་སྟོབས་ཆེར་གཏོང་བ། སྔོ་ཚལ་དང་ཤིང་འབྲས་འདེབས་ཁྱོན་ཆེ་རུ་གཏོང་བ”བཅས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སྔོ་ཚལ་དང་ཤིང་ཏོག་འདེབས་གསོ་དང་། སྨན་རྩྭ་འདེབས་འཛུགས། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བཅས་ལ་དམིགས་པ། ནགས་ཚལ་ཐོན་ཁུངས་དང་། ཚགས་ཤ བྲ་ཞིབ། རྩམ་པ་བཅས་ལས་སྣོན། རྒུན་འབྲུམ་ཨ་རག་གི་ཁྱད་ལྡན་ཐོན་རྫས་ལས་སྣོན། སྣེ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར། ཐོན་ལས་འབྲེལ་བ་ཟབ་ཏུ་གཏོང་བ། ལས་ཞུགས་ལས་གནས་མང་དུ་བཏང་ནས་ལས་ཞུགས་ལ་སྐུལ་མ་གཏོང་བ། ཞིང་འབྲོག་པའི་ཞིང་ཞོར་ཐོན་རྫས་ལས་སྣོན་ལས་རིགས་ལ་གཞན་སྒྱུར་ལ་སྐུལ་མ་གཏོང་བ་བཅས་བྱས་ཡོད། ལོ་གསུམ་རིང་རིམ་རྩིས་བྱས་ན། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི26.02ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར11.01བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།