ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་ནང་བསམ་གྲུབ་རྩེ་ཆུས་ཀྱིས་ཞབས་ཞུ་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་བ། ཞབས་ཞུའི་གདེང་འཇོག་བྱ་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ནས་འགོ་བཙུགས་ཏེ། གཞི་རིམ་གྱི་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཐོག གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་ཀའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།

ཞབས་ཞུ་རོགས་སྐྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། འདི་ལོ་བསམ་གྲུབ་རྩེ་ཆུས་ཀྱིས《ཏང་ཡོན་གྱི་དང་བླངས་ཞབས་ཞུའི་དོ་དམ་བྱ་ཐབས》བཟོས་ནས་བཏོན་པ་དང་། མ་དངུལ་སྒོར་ཁྲི500གྲབས་གསོག་བྱས་ནས་ཤང་རིམ་པའི་དང་བླངས་ཞབས་ཞུའི་ས་ཚིགས13དང་། དེ་བཞིན་ཧོར་ཐག་གྲོང་ཚོ་སོགས་སུ“གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཞུའི་ས་ཚིགས”10བསྐྲུན་ཡོད། ཏང་ཡོན་གྱི་དང་བླངས་ཞབས་ཞུའི་རུ་ཁག171བཙུགས་ནས“གྲོང་ཚོ་འགན་གཙང་ལེན་པ་དང་། ཤང་དང་འབྲེལ་བ་བྱེད་པ། དུད་ཚང་དུ་བསྐྱོད་པ”དང“དམངས་ཆེད་སྐད་ཆ་ཁག་གསུམ་དྲི་བ”སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས75སྤེལ་ཡོད། 《གོ་གནས་མེད་པའི་ཏང་ཡོན་ལ་གོ་གནས་དང་འགན་འཁྲི་སྤྲོད་པ་དང་སྐར་མ་རིམ་པ་བཟོ་བའི་ལག་བསྟར་ཇུས་གཞི》བཟོས་ཏེ་གོ་གནས་མེད་པའི་ཏང་ཡོན759ཡིས་སྤྱི་མི་དང་དྲ་མིག་དཔོན་སོགས་ལས་གནས་ཀྱི་འགན་ཁུར་ནས་ཁོང་ཚོ་གྲོང་ཚོ་རིམ་པའི་ལས་དོན་ལ་རྒྱ་ཁྱབ་ངང་ཞུགས་པ་དང་། རང་འགུལ་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནང་ཞུགས་ཐུབ་པ་བྱུང་ཡོད།

ཞབས་ཞུ་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ཞིང་། བསམ་གྲུབ་རྩེ་ཆུས་ཀྱིས་ལོ་ལྟར་མ་དངུལ་སྒོར་ཁྲི150བཏོན་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ཆེད་དོན་མ་དངུལ་བཟོས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་དམངས་ཆེད་ལས་དོན་སྒྲུབ་པའི་ནུས་པ་ཆེ་རུ་བཏང་ཡོད། 2013ལོ་ནས་བཟུང་། མ་དངུལ་སྒོར་ཁྲི300རྒྱུན་མཐུད་ངང་བཏང་ནས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ20གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཡོད། ལོ་ལྟར་ལེ་ལག་སྒྲིག་སྦྱོར་གྱི་མ་དངུལ་སྒོར་ཁྲི325བཏང་ནས་གྲོང་ཚོ(གྲོང་ལྷན)གྱི་ལས་བྱེད་པའི་ཐོབ་ཐང་མཐོ་རུ་གཏོང་གི་ཡོད། “གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ཁྲི་ཡི་རིག་གནས་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ཀྱི་འདུ་འགོད”གོ་སྐབས་སུ་བྱས་ཏེ་ཏང་གི་སློབ་གྲྭར་རེས་མོས་ངང་གསོ་སྦྱོང་བྱེད་པར་སྐྱོད་པ་དང་། སློབ་སྦྱོང་དང་ལྟ་སྐོར་དུ་སྐྱོད་པ། མཚན་མོའི་སློབ་གྲྭ་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཡོན་གྱི་འཇོན་ཐང་མཐོ་རུ་ཏན་ཏིག་བཏང་ཡོད།

ཞབས་ཞུའི་གདེང་འཇོག་བྱེད་ཐབས་ཕུན་སུམ་ཚོགས་སུ་བཏང་ཞིང་། རྩ་འཛུགས་ཀྱིས་དཔྱད་འདེམས་དང་མང་ཚོགས་ཀྱིས་གྲོས་བསྡུར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་རྒྱུར་སྐུལ་མ་བཏང་ཡོད། “ཚད་གཞི་འཇལ་བ་དང་། རྒྱུན་དུ་དཔྱད་གདེང་བྱེད་པ། གྲུབ་འབྲས་སྤྱོད་པ”བཅས་ལྷུ་ཚིགས་གསུམ་ལ་དམ་འཛིན་ནན་པོ་བྱས་ཏེ། ཏང་འཛུགས་སྐྱོང་གི་ཞབས་ཞུའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་མ་བཏང་བ་མ་ཟད། དུས་མཚམས་ཚང་མར་དཔྱད་ཞིབ་བྱ་རྒྱུ་དོན་འཁྱོལ་བྱས་ཡོད། “གོ་གནས་མེད་པའི་ཏང་ཡོན་ལ་གོ་གནས་དང་འགན་འཁྲི་སྤྲོད་པ་དང་སྐར་མ་རིམ་པ་བཟོ་བའི”བྱེད་སྒོ་ཤུགས་ཆེན་སྤེལ་ཏེ“ཁས་ལེན་གཅིག་དང་། རྒྱས་བཤད་གཉིས། དཔྱད་འདེམས་བཞི”བཅས་ཀྱི་བྱེད་ཐབས་སྤྱད་དེ་གོ་གནས་མེད་པའི་ཏང་ཡོན3321ཀྱིས་ཁས་ལེན་བྱས་པའི་ལས་དོན་ལ་དཔྱད་ཞིབ་བྱས་པ་དང་། བྱ་དགའི་དངུལ་སྤྲད་དེ་སྐུལ་མ་གཏོང་བ་དང་གཟི་བརྗིད་མཚན་སྙན་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། སྐར་མ་རིམ་པའི་ཏང་ཡོན328ལ་གཟེངས་བསྟོད་བྱས་ཡོད། ཞབས་ཞུའི་ཕན་འབྲས་དེ་ཏང་ཡོན་ལས་བྱེད་པར་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་བྱེད་པ་དང་། འདེམས་སྒྲུག་བཀོལ་སྤྱོད་བྱེད་པ། ཕུལ་བྱུང་དང་སྔོན་ཐོན་འདེམས་པ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ལ་བརྩིས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།