ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དུས་ཚིགས་གསུམ་པར་རང་ལྗོངས་བཟོ་ཚོང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཐོ་འགོད་མ་རྩ་འཇལ་སྤྲོད་ལམ་ལུགས་དང་ཁེ་ལས་ཀྱི་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས། སྔོན་ལ་ལག་ཁྱེར་སྤྲོད་པ་དང་རྗེས་སུ་འཐུས་མཆན་འགོད་པ། སྡོད་གནས་ཐོ་འགོད་སྟབས་བདེར་གཏོང་བ། ལག་ཁྱེར་གསུམ་གཅིག་བསྡུས་སོགས་བསྒྱུར་བཅོས་བྱ་ཐབས་མང་པོ་ཞིག་ལག་བསྟར་བྱས་པ་བརྒྱུད། ཁྲོམ་རའི་གཙོ་རྐང་ནང་ཞུགས་པའི་ཆོག་འཐུས་ཆ་རྐྱེན་དམའ་རུ་ཕྱིན་པ་དང་སྤྱི་ཚོགས་མ་འཇོག་གི་ལས་གཏོད་ཧུར་སེམས་སྐོང་འཐེན་ནུས་ལྡན་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་སྤྱི་ཟླ9པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་རིགས་ཁག་གི་ཁྲོམ་རའི་གཙོ་རྐང་ཚོང་དུད་ཁྲི་ཚོ14ལྷག་ཡོད་པ་དང་ཁེ་ལས་ཀྱི་གྲངས་འབོར་འཕར་ཚད39%ཟིན་པ། ལྷག་པར་དུ་སྒེར་གཉེར་ཁེ་ལས་ཀྱི་འཕར་ཚད་དེ་སྔར་བྱུང་མྱོང་མེད་པའི47%ལ་སླེབས་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་པོ་དང་སྐྱོན་བྲལ་གོང་འཕེལ་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།