ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ11པའི་བར་རང་ལྗོངས་ཀྱི་ཆུ་གློག་གི་གློག་ཕྱིར་གཏོང་ཚད་རིམ་བསགས་ཀྱིས་བརྩིས་ན་ཆན་ཝ་ཆུ་ཚོད་དུང་ཕྱུར3.3ལས་བརྒལ་བ་དང་གློག་ཤུགས་ཕྱིར་གཏོང་ཚད་ཆེ་ཤོས་ཆན་ཝ་ཁྲི30ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་དེ་འདི་ལོའི་བོད་ཀྱི་ཆུ་གློག་གི་ཕྱིར་གཏོང་ནང་སྤྱོད་ཀྱི་ལས་འགན་ལེགས་གྲུབ་བྱུང་བ་རེད།

སྔོན་དཔག་བྱས་པར་གཞིགས་ན“ལོ་ལྔ་ཚན་བཅུ་གསུམ་པའི”ལོ་མཇུག་ཏུ་སླེབས་སྐབས་ཆུ་རྒྱས་དུས་བོད་ལྗོངས་གློག་དྲས་ནུབ་བྱང་གློག་དྲར་གློག་ཤུགས་ཕྱིར་གཏོང་ཚད་ཆན་ཝ་ཁྲི་120དང་། ལོར་གློག་ཕྱིར་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་34དང་དབྱང་གཉིས་འགྱུར་ཐན་ཉུང་གཏོང་བྱེད་ཚད་ཏུན་ཁྲི་338.98བཅས་ཟིན་རྒྱུ་ཡིན་པ་དང་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲུབ་ཆ་ལེགས་སྒྲིག་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།