ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་ནས་ཟླ11ཚེས29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། 2005ལོར“སྐྱེད་མའི་བདེ་ཐང་མགྱོགས་འཁོར”གྱི་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་ཚུན། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་པའི་ཁར“བདེ་ཐང་སྐྱེལ་བའི་བསམ་གཞི་དང་། བདེ་ཐང་སྐྱེལ་བའི་ཤེས་བྱ། བདེ་ཐང་སྐྱེལ་བའི་ཞབས་ཞུ”ལ་སོགས་པའི་དམིགས་ཡུལ་གཞིར་བཟུང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་དྲིལ་བསྒྲགས་དང་འོས་འགན་སྨན་བཅོས་སོགས་བྱེད་པར་བསྐྱོད་ནས། སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་དམའ་རུ་ནུས་ལྡན་བཏང་བ་དང་ཆབས་ཅིག བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་ཀྱང་མཐོ་རུ་བཏང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར“སྐྱེད་མའི་བདེ་ཐང་མགྱོགས་འཁོར”རྣམ་གྲངས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང14རུ་སྔ་རྗེས་སུ་ལག་ལེན་བསྟར་བ་དང་། ཁྱོན་རླངས་འཁོར18བཀོད་སྒྲིག་བྱས་ཡོད་པ་རེད། རགས་རྩིས་ལྟར་ན། ལོ་བཅུའི་རིང“སྐྱེད་མའི་བདེ་ཐང་མགྱོགས་འཁོར”བཏང་བའི་ལམ་ཐག་སྤྱི་ལེ་ཁྲི25ལྷག་ཙམ་ཟིན་པ་དང་། དཀའ་ངལ་ཡོད་པའི་སྦྲུམ་མ་དང་མོ་ནད་ཚབས་ཆེན་ཕོག་པའི་ནད་པ་ཐེངས1200ལྷག་ཙམ་སྐྱེལ་བསུ་བྱས་པ། “ལོ་ལྔ་ཚན་བཅུ་གཉིས་པ”ཡི་རིང་མི་ཐེངས29750ལ་བདེ་ཐང་ཡོངས་ཁྱབ་ཞིབ་བཤེར་བྱས་པ། སྨན་དོན་མི་སྣ2625གསོ་སྦྱོང་བྱས་པ། བུད་མེད་དང་བྱིས་པ་མི་ཐེངས750ལྷག་ཙམ་ལ་རོགས་སྐྱོབ་བྱས་པ། ཁྱོན་སྒོར་ཁྲི75རི་བའི་སྨན་སྤྲད་པ་བཅས་རེད། བྱ་བ་དེ་དག་ལས་སྤྱི་ཚོགས་ཐོག་ཕན་འབྲས་བཟང་པོ་ཞིག་ཐོན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།