ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ནགས་ཚལ་ལ་ཁྱོན་ཡོངས་ནས་གཡོག་བྱེད་བྱ་ཆེད། ནགས་ཚལ་གཡོག་བྱེད་དང་ཤིང་གཅོད་གྱོད་གཞིར་ཁྲིམས་བཞིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བས། གྲོང་ཁྱེར་དེ་ཡོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་མུའུ་ཁྲི་4749.67དང་རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་ཁོངས་ཀྱི་ནཌ་ཚལ་མུའུ་ཁྲི1915ལ་ལོ་ལྟར་གཡོག་ཡག་པོ་རྒྱུག་ཐུབ་ཡོད།

སྤྱི་ཕན་ནགས་ཚལ་གཡོག་བྱེད་ས་ཚུགས་ཁྱོན་ཡོངས་ནས་འཛུགས་འགོ་ཚུགས་པ། ཆེད་ལས་གཡོག་བྱེད་པ་གདན་ཞུ་དང་གསོ་སྦྱོང་གི་ལས་དོན་སྤེལ་ནས་ཆེད་ལས་གཡོག་བྱེད་ས་ཚུགས7ལ་ཚོད་ལྟ་བྱས་ཏེ་ཆེད་ལས་གཡོག་བྱེད་པ35གདན་དྲངས་པ་དང་། ཆེད་ལས་གཡོག་བྱེད་ས་ཚུགས104ཡི་སྡོད་ཁང་ཁག་དང་པོའི་ཁང་པའི་སྒྲོམ་གཞི་སྤྱིར་ན་བསླངས་ཚར་བ། ཆེད་ལས་གཡོག་བྱེད་པ545བསྡུས་ལ། རྫོང་དང་ཆུས་11གི་ཆེད་ལས་གཡོག་བྱེད་པ1160ལྷག་ཙམ་ལ་ཁག་བགོས་ནས་གསོ་སྦྱོང་བྱས་པ་མ་ཟད། 《གཡོག་བྱེད་པའི་གསོ་སྦྱོང་དཔྱད་ཡིག》དང《ནགས་ཤིང་གཡོག་བྱེད་ལག་དེབ》སོགས་གསོ་སྦྱོང་དཔྱད་ཡིག་དེབ་ཆིག་ཁྲི་ལྷག་ཙམ་བརྩམས་ཡོད།

ནགས་ཚལ་ལ་གཡོག་བྱ་ཤུཌ་ཆེ་རུ་བཏང་བ། “ཁྱབ་ཁོངས་དང་། རྒྱ་ཁྱོན། འགན་འཁྲི། དུས་བཀག ཐོབ་ཆ། བྱ་དགའ་ཆད་གཅོད་བཅས་གཏན་ལ་འབེབས་པའི”བྱ་ཐབས་དྲུག་བཏོན་ནས་རིམ་པ་བཞིན་དམིགས་ཚད་དོ་དམ་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་དུ་བཅུག་སྟེ། དོ་དམ་འགན་འཁྲི་རི་ས་མི་གསུམ་ཐོག་ཏན་ཏིག་འཁྱོལ་བ་བྱས་ཤིང་། གཡོག་བྱེད་བྱེད་མཁན་ཞིང་འབྲོག་པ27853ཟིན་པས། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཕན་ནཌ་ཚལ་མུའུ་ཁྲི4749.67དང་རང་བྱུང་ནགས་ཚལ་མུའུ་ཁྲི1914.7ལ་ལོ་ལྟར་གཡོག་བྱེད་ཡག་པོ་ཐུབ་ཡོད།

ནགས་ཚལ་མེ་ཟོན་ལས་ཀར་དམ་འཛིན་བྱས་པ། གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་རྫོང(ཆུས)ཁག་དང་ནགས་ཚལ་མེ་ཟོན་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ། དུས་ངེས་མེད་དུ་ནགས་ཚལ་མེ་ཟོན་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གྱིས་ནགས་ཤིང་མེ་ཟོན་བྱ་ཐབས་དང་མེ་ཟོན་ཡོ་ཆས་སྤྱོད་སྟངས་སོགས་ཀྱི་རྩལ་ནུས་གསོ་སྦྱོང་ཡང་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།