ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས་29ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་འཁྲིད་དེ་རང་གི་འབྲེལ་བ་བྱ་ཡུལ་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་ཕེབས་ནས་ཆ་སྒྲིག་དུད་ཚང་དང་། དུད་ཚང་དབུལ་པོ། དགོན་སྡེའི་དགེ་འདུན་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་ནས་ས་གནས་དེ་གའི་སྒྱུར་འཕེལ་བརྟན་གསུམ་དང་། ཏང་འཛུགས་སྐྱོང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་ཚུལ་བཅས་ལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་གནང་རིང་ཝུའུ་དབྱིང་ཅེས་དང་ཐོག་ཁྲབ་རྨོག་གྲོང་རྡལ་བག་ཆུང་གྲོང་ཚོར་ཕེབས་ནས་ཆ་སྒྲིག་དུད་ཚང་དབུལ་པོ་པད་མ་ཚེ་རིང་གི་ཁྱིམ་དུ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གི་ཁྱིམ་ཚང་གི་ད་ལྟའི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་རྗེས་ཝུའུ་དབྱིང་ཅེས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱིས་དབུལ་སྐྱོར་བསམ་ཕྱོགས་སྔར་བས་རྒྱ་ཆེར་གཏོང་བ་དང་། དབུལ་སྐྱོར་བྱ་ཐབས་འཐུས་ཚང་དུ་གཏོང་བ། བྱ་ཐབས་ནུས་ལྡན་སྤྱད་དེ་ཁོང་གི་ཁྱིམ་ཚང་གི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བཅས་བྱེད་དགོས་པ་དང་། ཁོ་མོའི་ཁྱིམ་ཚང་ལ་བརྟན་ལ་བློས་འགེལ་ཆོག་པའི་དཔལ་འབྱོར་ཡོང་འབབ་ཀྱི་ཡོང་ཁུངས་ཤིག་ཡོད་པའི་འགན་ལེན་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད། ཝུའུ་དབྱིང་ཅེས་རིམ་ཁག་དང་སྡེ་ཚན་ཁག་གིས“དབུལ་པོ་སེལ་བ་དང་། དམངས་འཚོ་ལེགས་གཏོང་། རིམ་བཞིན་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་ཡོང་བ་བཅས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་རང་རེའི་ཏང་གི་ལས་འགན་གལ་ཆེན་ཡིན”པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་ཁྲིད་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་ཀྱིས་མི་འབོར་དབུལ་པོའི་གཞི་གྲངས་མཐིལ་རྟོགས་དང་ཏན་ཏིག་རྟོགས་པ་བྱས་ཐོག་དབུལ་པོ་ཆགས་རྐྱེན་དང་དབུལ་པོའི་ཚད་གཞི་སོགས་གསལ་རྟོགས་བྱས་ཏེ་དུད་ཚང་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། མི་དང་བསྟུན་ནས་སྲིད་ཇུས་ལག་བསྟར་གྱིས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མི་ལུས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་བསམ་བརྟན་ཡེ་ཤེས་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མའི་ཁྱིམ་དུ་ཝུའུ་དབྱིང་ཅེས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཁོང་གིས་གཞི་རིམ་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བའི་ལས་འགན་ལྕི་པོ་འཁུར་ཡོད། མི་སེར་ཁྲོད་ཆེས་ཐད་ཀར་དང་ཆེས་ཟབ་པའི་སྒོ་ནས་རང་རེའི་ཏང་གི་གཟུགས་བརྙན་མཚོན་པ་བྱེད་ཀྱི་ཡོད་པས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།