ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་གསར་འགོད་པས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་གསལ། མི་རིང་བའི་གོང་འཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རྒྱུན་ལས་ཚོགས་འདུའི་ཐོག《ལུས་རྩལ་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》གྲོས་ཞིབ་དང་གྲོས་འཆམ་བྱས་པ་དང་ཧི་མ་ལའི་རེ་འཛེག་རིག་གནས་ལྟེ་གནས་གཏོད་རྒྱུ་ཁ་གསལ་བཏོན་ཡོད།

《བསམ་འཆར》ནང་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་མཐའ་འཁྱོངས་དང་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་བསྟར་དང་བོད་ལྗོངས་འདི་ཉིད་འཛམ་གླིང་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུ་བསྐྲུན་རྒྱུ་གོ་སྐབས་སུ་བྱེད་པ་དང་། ཁྱད་ལྡན་ལུས་རྩལ་ཐོན་ཁུངས་གསར་སྤེལ་བྱེད་པ། ལུས་རྩལ་ཐོན་ལས་ཀྱི་ཞབས་ཞུའི་མ་ལག་གཏོད་པ། ཁྲོམ་རའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ལུས་རྩལ་འཛད་སྤྱོད་དར་རྒྱས་གཏོང་བ། ཧི་མ་ལ་ཡའི་རི་འཛེག་རིག་གནས་ལྟེ་གནས་གཏོད་པ། རྒྱལ་ཡོངས་ཀྱི་ཐང་སྟོང་ལུས་རྩལ་ཁུལ་ཆེན་གཏོད་པ། ས་མཐོའི་ཁྱད་ལྡན་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བ། ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་ལུས་རྩལ་གྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱས་ཏེ་ལུས་རྩལ་ཐོན་ལས་གསོ་སྤེལ་བྱ་རྒྱུ་དེ་དཔལ་འབྱོར་གྱི་འཕར་གཞི་གསར་པར་འགྱུར་བ་བྱེད་དགོས་ཞེས་བཏོན་ཡོད།

《བསམ་འཆར》ནང2025ལོར་སླེབས་སྐབས་ཁྱད་ཆོས་མངོན་གསལ་དོད་པ་དང་། ལེགས་ཆ་མངོན་གསལ་དོད་པ། ཕན་འབྲས་ལེགས་པ་བཅས་ཀྱི་ལུས་རྩལ་ཐོན་ལས་མ་ལག་དང་འགྲན་རྩོད་གོ་རིམ་དང་ལྡན་པ་དང་། ལྟ་སྐུལ་དོ་དམ་ནུས་ལྡན། འཛད་སྤྱོད་བྱེད་མང་བ་བཅས་ཀྱི་ལུས་རྩལ་ཁྲོམ་ར་སྤྱིར་ན་འཛུགས་པ་དང་། ལུས་རྩལ་ཐོན་ལས་རྟེན་གཞི3ནས4བར་བསྐྲུན་པ། ལུས་རྩལ་ཐོན་ལས་ཀྱི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་པ། ལུས་རྩལ་ཐོན་ལས་འཕར་ཐང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི1%ཡན་བཟུང་བ་བཅས་བྱས་ནས་བོད་དུ་གསོན་ཤུགས་ལྡན་ཤོས་ཀྱི་གསར་དར་ཐོན་ལས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་བཏོན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།