ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ལྷོ་ཁ་ས་ཁུལ་གྱིས་རྩ་འཛུགས་དང་མགོ་ཁྲིད་བྱ་བར་ཤུགས་བསྣན་ཏེ། ཚན་རིག་དང་མཐུན་པའི་འཆར་འགོད་ལ་དམ་འཛིན་དང་། སྲུང་སྐྱོང་བྱེད་ཐབས་ལ་ཤུགས་བསྣན་ནས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོང་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ།

ཉེ་བའི་ལོ་འགའི་རིང་ལ། ལྷོ་ཁ་ས་ཁུལ་རིག་གནས་ཅུའུ་ཡིས་རྒྱ་ཆེའི་རིག་གནས་ལས་བྱེད་པ་རྩ་འཛུགས་བྱས་ཏེ། ས་ཁུལ་ཡོངས་ཀྱི་མི་རིགས་དམངས་ཁྲོད་གཟུགས་འདས་ཤུལ་བཞག་རིག་གནས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། སྔོག་འདོན། རྩོམ་སྒྲིག་དང་སྙན་ཞུ་ཕུལ་ཏེ། “ཕྱོགས་གཅིག་ནས་ཡོངས་བཤེར་བྱེད་པ་དང་། ཕྱོགས་གཅིག་ནས་སྙན་ཞུ་ཕུལ་བ་དང་སྲུང་སྐྱོང་བྱེད་པའི”བྱེད་ཐབས་བེད་སྤྱད་དེ། “ཡོངས་བཤེར་སྐོར་ཞིག་བྱས་ཏེ། སྙན་ཞུ་སྐོར་ཞིག་ཕུལ་བ་དང་། སྲུང་སྐྱོབ་སྐོར་ཞིག་བྱེད་པའི”དམིགས་འབེན་མངོན་འགྱུར་བྱས། མིག་སྔའི་བར་དུ། ལྷོ་ཁ་ས་ཁུལ་དུ་བསྡོམས་པས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས15ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས46ཡོད། རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས146ཡོད། དེ་མིན་རྒྱལ་ཁབ་རིམ་པའི་རིག་གནས་རྒྱུད་འཛིན་པ11ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་རིག་གནས་རྒྱུད་འཛིན་པ61ཡོད། རྫོང་རིམ་པའི་རིག་གནས་རྒྱུད་འཛིན་པ143བཅས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།