66.jpg

འདི་ནི་ཁྲིམས་ཁང་གི་ཉེན་རྟོག་པས་མང་ཚོགས་ལ་ཆད་དངུལ་སྤྲད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གྱོད་རྙིང་གཙང་བཤེར་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་ཏེ། དོན་དངོས་དང་བསྟུན་ནས། བསམ་བློ་བཅིངས་འགྲོལ་དང་། བྱེད་ཐབས་གསར་གཏོད་བྱས་ཏེ། ཕྱོགས་མང་པོ་ནས་མཉམ་འབྲེལ་བྱེད་པའི་ལམ་ལུགས་བརྒྱུད་དེ། གྱོད་རྙིང་གཙང་བཤེར་བྱེད་པའི་ཆེད་དོན་བྱ་འགུལ་གྱི་དམིགས་འབེན་མངོན་འགྱུར་བྱས་པ་མ་ཟད། སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱིས2005ལོ་ནས་ལག་བསྟར་བྱེད་འགོ་བརྩམས་པའི་གྱོད་རྙིང391གཙང་བཤེར་བྱས་པ་དང་། སྤྱིའི་དམིགས་ཚད་ཀྱི་མ་དངུལ་སྒོར་ཁྲི2581.6རྩིས་སྤྲོད་བྱས། མིག་སྔར་གྱོད་དོན375རྩད་གཅོད་བྱས་ཤིང་། གྱོད་དོན་རྩད་གཅོད་དམིགས་ཚད་ཀྱི་མ་དངུལ་སྒོར་ཁྲི2091.8ལག་བསྟར་བྱས་ཏེ། གྱོད་དོན་རྩད་གཅོད་བྱེད་ཚད95.9%ལ་བསླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།