ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་མི་དམངས་སྨན་ཁང་དང་། བོད་ལྗོངས་མཐོ་སྒང་སྨན་བཅོས་ཞིབ་འཇུག་ཁང་གིས་མཐོ་སྒང་ནད་ཀྱི་ཆེད་ལས་སྨན་བཅོས་ཚན་ཁག་དང་། ནད་གཡོག་ཆེད་མཁས་པ་རྩ་འཛུགས་བྱས་ཏེ། རྩོམ་སྒྲིག་དང་ཕབ་བསྐྲུན་བྱས་པའིDVDཡི་དྲིལ་བསྒྲགས་དང་སློབ་གསོའི་གློག་བརྙན《མཐོ་སྒང་ནད་ཀྱི་འགོག་བཅོས་ཤེས་བྱ》ཞེས་པ་བོད་ལྗོངས་སྒྲ་བརྙན་པར་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་དང་འགྲེམ་སྤེལ་བྱས།

དྲིལ་བསྒྲགས་དང་སློབ་གསོའི་གློག་བརྙན་ལས་དངོས་བྲིས་ཡི་ཚུལ་དུ། མཐོ་སྒང་ནད་ཀྱི་འབྱུང་རྐྱེན་དང་། ཤུགས་རྐྱེན་ཐེབས་ཚུལ། སྔོན་འགོག་བྱེད་ཐབས། རྒྱུན་མཐོང་གནད་དོན་སོགས་ཀྱི་ཕྱོགས་ནས་མཐོ་སྒང་ནད་ཀྱི་དྲི་བར་ལན་གསལ་བོ་བཏབ་ཡོད་དེ། དྲིལ་བསྒྲགས་གློག་བརྙན་ཕན་བསྐྲུན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། 《མཐོ་སྒང་ནད་ཀྱི་འགོག་བཅོས་ཤེས་བྱ》ཞེས་པའི་གློག་བརྙན་ལས་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས། དེ་མིན་བོད་ལྗོངས་སུ་ཡོང་བའི་མི་རྣམས་ལ་མཐོ་སྒང་ནད་ཀྱི་འགོག་བཅོས་ཕྱོགས་ནས་ཕན་ནུས་འདོན་ཐུབ་པར་སྨོན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།